(པར་ངོས་དང་པོར་མཐུད)སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་ཡུལ་མི་ཡེ་ཤེས་ཚེ་རིང་གིས་དེ་སྔ་ང་ཚོ་རྒན་རྒོན་ཚོ་སྟག་རྩེ་ཆུས་ཀྱི་གྲོང་ཁུལ་དུ་འགྲོ་བ་ལས་སོས་དལ་སྤྲོ་གསེང་དུ་འགྲོ་ས་གཞན་མེད་པས་ཉིན་ལྟར་ཁྱིམ་དུ་སྡོད་དགོས་ཀྱི་ཡོད། ད་ཆ་དེ་སྔ་དང་མི་འདྲ་བར་གྲོང་ཚོའི་ནང་གཟུགས་པོར་སྦྱོང་བརྡར་བྱེད་ཐུབ་ལ་སྤྲོ་གསེང་རོལ་རྩེད་ཀྱང་བྱེད་ཐུབ་པས་ང་ཚོའི་སེམས་ནང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
རིག་རྩལ་བྱེད་སྒོ་མཇུག་འགྲིལ་རྗེས།རྒན་རྒོན་ཚོ་བདེ་སྐྱིད་གླིང་གི་ནུས་པའི་ཁུལ་ཁག་ཏུ་བསྐྱོད་དེ་ཞབས་ཞུའི་སྒྲིག་བཀོད་ཁག་ཉམས་ལེན་བྱས་ཤིང་། ལུས་གསོའི་ངལ་གསོ་ཁང་དུ་རྒན་རྒོན་གྲོགས་པོ་ཚོ་རིག་ནུས་འཕུར་མཉེད་རྐུབ་སྟེགས་གསར་པའི་ཐོག་བསྡད་ནས་ལྷོད་ལྷོད་ངང་ངལ་དུབ་སེལ་བ་དང་། བྱིས་པའི་ཁང་པའི་ནང་ཕྲུ་གུ་ཚོ་ཅི་དགར་རྩེད་འཇོར་རོལ་ནས་བདེ་སྐྱིད་ཁང་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བར་བྱས་ཡོད། དེ་དང་ཆབས་ཅིག་སྤྲོ་གསེང་རོལ་རྩེད་ཁང་དུ་གཅེས་སེམས་སྨན་བཅོས་ཞབས་ཞུ་དུས་གཅིག་ཏུ་སྤེལ་ཞིང་། ཀོན་པོ་ཧྲེ་ཁ་ནད་སྨན་ཁང་གི་སྨན་དོན་ཚོགས་པས་ཡུལ་དངོས་སུ་སྨན་བཅོས་བྱས་ནས་རྒན་རྒོན་ཚོར་གཅིག་གཏད་གཅིག་གི་བདེ་ཐང་བརྟག་དཔྱད་དང་སྤྱི་ཕན་སྨན་བཅོས་ཞབས་ཞུ་བསྒྲུབས་པ་རེད།
ལྷ་ས་གྲོང་ཁྱེར་བྱམས་བརྩེ་སྤྱི་ཚོགས་ལས་དོན་ཞབས་ཞུ་མཐུན་ཚོགས་ཀྱི་ལས་དོན་པ་བསོད་ནམས་སྐལ་བཟང་གིས་རྗེས་མར་ང་ཚོས་རྒན་གསོ་ཞབས་ཞུའི་འཐབ་སའི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་རྒྱུན་རྣམ་ཅན་གྱི་བདེ་ཐང་གི་འོས་འགན་སྨན་བཅོས་དང་། རིག་གནས་རོལ་རྩེད། གཉེན་ཉེ་དང་འགྲོགས་པ་སོགས་དྲོ་སྐྱིད་ལྡན་པའི་དམངས་ཕན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་རྒན་རྒོན་གྱི་དམངས་འཚོ་འགན་ལེན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རྒན་གསོའི་ཞབས་ཞུའི་དྲོ་སྐྱིད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་འདི་ཉིད་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྤྲོ་གསེང་བྱ་རྒྱུ་ཡོད་པ། རྒས་དུས་སེམས་ལྷོད་བཅས་ཀྱི་རྒན་རྒོན་གྱི་སྤྲོ་སྣང་ལྡན་པའི་ཁྱིམ་ཚང་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་བཤད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社