分享按钮

ཆུ་ཤུར་རྫོང་གིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གཙོ་དོན་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

(པར་ངོས་དང་པོར་མཐུད)ལྷ་སའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཟླ་5ཚེས་20ཉིན་ཆུ་ཤུར་རྫོང་གིས་ཁྱད་ལྡན་གཙོ་དོན་བྱེད་སྒོ་ཆེ་གྲས་གཉིས་དུས་གཅིག་ཏུ་སྤེལ་ཏེ་འབྱུང་ཁམས་རིག་གནས་ཡུལ་སྐོར་དང་དམངས་སྲོལ་རིག་གནས་ཀྱི་ཕྱོགས་གཉིས་ཀྱི་ནུས་པ་མངོན་འགྱུར་བྱ་རྒྱུ་རེད། བོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གླིང་དུ། བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་དུ་ལྟ་སྐོར་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཅེས་པའི་འབྱུང་ཁམས་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་ལྷུ་ཚིགས་བརྒྱུད་དེ་ལྷ་སའི་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ལས་དོན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད། འཇུན་པ་ཉ་གྲོང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་ཉམས་ལེན་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་ཐུན་མོང་མ་ཡིན་པའི་འབྱུང་ཁམས་མཛེས་ལྗོངས་དང་ནང་དོན་གཏིང་ཟབ་པའི་སྤྱི་ཚོཊ་ཀྱི་རིག་གནས་སྣང་ཚུལ་སྣ་ཚོཊ་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོཊ་ཡོངས་ནས་མངོན་པར་བྱ་རྒྱུ་རེད།

ལྷ་སའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྤྱིའི་བཀོད་སྒྲིག་དང་ཟླ་5ཚེས་20ཉིན་གྱི་བྱེད་སྒོ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་དམིགས་ཏེ། མིག་སྔར་ཆུ་ཤུར་རྫོང་གི་གཙོ་གནད་གྲ་སྒྲིག་ས་ཚིགས་ཁག་ཕྱོགས་ཡོངས་ནས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད་པ་རེད། བོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་གླིང་གིས་ལྟ་སྐོར་གྱི་ལམ་ཐིག་ལེགས་སུ་གཏོང་བ་དང་། ཚན་རིག་ཁྱབ་གདལ་འགྲེམས་སྟོན་གསར་བརྗེས་དང་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོབ་ཀྱི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོ་གཏན་འཁེལ་བྱེད་པ། དུས་མཚུངས་ལས་དོན་པའི་ལས་ཞུགས་གོང་གི་གསོ་སྦྱོང་ཡག་པོ་བྱེད་པ་བཅས་བྱས་པ་རེད། འཇུན་པ་ཉ་གྲོང་གིས་ཡུལ་ཁོངས་ཡོངས་སུ་གྲོང་ཚོའི་རྣམ་པ་དང་ཁོར་ཡུག་བཅོས་སྒྲིག་དང་། དམངས་སྲོལ་ཉམས་ལེནགྱི་སྒྲིག་བཀོད་ཉམས་བཟོ་དང་སྲུང་སྐྱོབ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་གྲ་སྒྲིག་བྱེད་པ་སོགས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕན་འབྲས་ཐོན་པར་བྱས་པ་རེད།

མིག་སྔའི་བར། ཆུ་ཤུར་རྫོང་གིས་བྱེད་སྒོའི་ཇུས་གཞི་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། བྱེད་སྒོ་སྤེལ་ཡུལ་གྱི་ཁོར་ཡུག་གི་བཀོད་སྒྲིག འཁོར་རྒྱུག་འགན་ལེན་གྱི་སྒྲིག་བཀོད། ཁྱད་ལྡན་འགྲེམས་རྫས་ཀྱི་གྲ་སྒྲིག ལས་རེས་སྟོབས་ཤུགས་ཀྱི་བཀོད་སྒྲིག བདེ་སྲུང་རྒྱབ་ཕྱོགས་མཁོ་སྒྲུབ་མཐའ་སྐྱོང་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཧྲིལ་པོའི་གྲ་སྒྲིག་སྤྱིར་ན་ལེགས་གྲུབ་ཟིན་ཡོད་པ་རེད། ས་གནས་འདི་གས་ལྷ་སའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྤུས་ལེགས་ལས་སྟེགས་ལ་བརྟེན་ནས་འབྱུང་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་རིག་གནས་གསོན་ཉམས་དོད་པོའི་སྒོ་ནས་རྒྱུན་འཛིན་བྱས་པ་དང་། འཐུས་སྒོ་ཚང་བའི་གྲ་སྒྲིག་བྱ་ཐབས་དང་སྙིང་ཉེ་སྤུས་ལེགས་ཀྱི་རིག་གནས་ཡུལ་སྐོར་ཞབས་ཞུར་བརྟེན་ནས་ཐེངས་འདིའི་ལྷ་སའི་རིག་གནས་ཡུལ་སྐོར་དུས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱས་པར་མ་ཟད། ལྷ་ལྡན་ཞིང་གི་སྐྱེད་ཚལ། སྐྱིད་སྣང་ལྡན་པའི་ཆུ་ཤུར་ཞེས་པའི་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་མཚན་སྙན་སྔར་བས་རྒྱས་པར་བྱས་ཡོད། ཟླ་5ཚེས་20ཉིན། ཆུ་ཤུར་རྫོང་གིས་ཁོར་ཡུག་ཡག་ཤོས་དང་། མཛེས་ལྗོངས་ཡག་ཤོས། ཞབས་ཞུ་ཡག་ཤོས་བཅས་ཀྱི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུས་ཏེ་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་ས་མཐོའི་འབྱུང་ཁམས་ཀྱི་མཛེས་སྡུག་ཉམས་སུ་མྱོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་ཉམས་སུ་མྱོང་ཐུབ་པར་བྱ་རྒྱུ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-05-10 6 6 拉萨日报藏文 c221083.html 1 ཆུ་ཤུར་རྫོང་གིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གཙོ་དོན་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། /enpproperty-->