1959ལོའི་ཟླ་3ཚེས་28ཉིན། གངས་ལྗོངས་ས་མཐོར་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ལོ་ངོ་སྟོང་གི་ལྕགས་སྒྲོག་ལས་སྒྲོལ་ཏེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་བདག་པོར་གྱུར་ཏེ་ལེའུ་གསར་རྐྱང་ཞིག་བརྩམས་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག མི་རབས་ནས་མི་རབས་བར་གྱི་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་པས་དབུལ་ཕོངས་རྗེས་ལུས་ནས་དར་རྒྱས་ཡར་ཐོན་དང་། བཀག་སྡོམ་དང་བག་འཁུམ་ནས་སྒོ་དབྱེ་བསྟུན་མཁས། དམངས་འཚོ་ཉམས་རྒུད་ནས་བདེ་སྡོད་ལས་བརྩོན་བཅས་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས།འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་པ་དང་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
ད་ཆ།བོད་ཀྱི་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། 2025ལོར་ལྷ་སར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1090.99ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆ་6.7འཕར་བ་དང་། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་61802ཟིན་ནས་བརྒྱ་ཆ་6.2འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་པ། སྤྱི་ཚོགས་འགན་སྲུང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་མུ་མཐུད་དེ་ཆེ་རུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་སོགས།ད་ཆའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཞིག་ཏུ་འགྱུར་ལྡོག་ཕྱིན་པ་དེ་ནི་ལོ་67རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད།
ལོ་རྒྱུས་ཀྱི་གཟི་བརྗིད་བློ་ལ་བརྟན་པོར་ངེས་ནས་དུས་རབས་ཀྱི་ལེའུ་མུ་མཐུད་དེ་རྩོམ་པ། ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་ཐོབ་ནས་ལོ་ངོ་67འཁོར་བ་གོ་སྐབས་སུ་བྱས་ཏེ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་འབད་འབུངས་ཡར་བརྩོན་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཐོག་གངས་ལྗོངས་ས་མཐོས་དུས་རབས་གསར་པར་དེ་བས་འོད་སྟོང་འཕྲོ་བའི་གྲུབ་འབྲས་མང་ཙམ་འཇོག་ཐུབ་པར་བྱེད་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社