(པར་ངོས་དང་པོར་མཐུད)ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་རྒྱུན་མཐུད་ངང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།
གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ཁག་ཅིག་ཏུ་ཀྲའོ་ཧུའེ་ཉན་གྱིས་ལས་རེས་ཀྱི་གནས་ཚུལ་དང་། ཐོན་སྐྱེད་བདེ་འཇགས་དང་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་བཀོད་གཏོང་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། འབྲེལ་ཡོད་ཚན་པ་ཁག་གིས་མང་ཚོགས་ཀྱིས་དུས་ཆེན་གཏོང་དུས་ལས་བྱེད་པས་འགག་སྒྲོལ་བྱེད་དགོས་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལྷོ་རི་བྱང་རི་དང་། དམངས་སྲོལ་བྱེད་སྒོ་སྤེལ་ཡུལ། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། དྲོད་ཁང་ཆེན་མོ་གཅིག་སྡུད་ཁུལ། བོགས་གཏོང་ཁང་པ་གཅིག་སྡུད་ཁུལ་སོགས་སུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པ་དང་། འཕྲལ་སྡོམ་སྔོན་ཇུས་རབ་དང་རིམ་པ་སྤྱད་དེ་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་ཀྱི་ཐོལ་བྱུང་གནས་ཚུལ་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་མཉམ་བཅོས་དང་བྱ་ཐབས་ལམ་སྲོལ་གྱི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཡོང་བར་བྱས་ཏེ། གྲོང་མི་མང་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐྱིད་པོ་ཞིག་རོལ་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社