分享按钮

(པར་ངོས་དང་པོར་མཐུད)འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གཞི་ཁྱོན་གྱི་ཡོང་འབབ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་ལྗོངས་ཡོངས་ཀྱི་བསྡུར་ཚད་བརྒྱ་ཆ་45.59བཟུང་ནས་གཙོ་ཁྲིད་ཀྱི་གནས་བབ་མངོན་གསལ་དོད་པོ་བྱུང་ཡོད།

2025ལོར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ།ནོར་སྲིད་ཐོན་ཁུངས་སྤྱི་འདོམས་དང་སྙོམས་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ཡོང་འབབ་མགྱོགས་མྱུར་ངང་འཕར་བ་དང་ཆབས་ཅིག་ཏུ་ནོར་སྲིད་གཏོང་སྒོའི་དགོས་ངེས་ཀྱི་ཤུགས་ཚད་རྒྱུན་འཁྱོངས་ཐུབ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་འགན་ལེན་ནུས་ལྡན་བྱུང་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་520.38ཟིན་པ་དང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་485.8ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.39འཕར་བ་དང་གཏོང་སྒོའི་མྱུར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པར་མ་ཟད། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ལས་སྒོར་དུང་ཕྱུར་20.45བརྒལ་ནས་ལག་བསྟར་མྱུར་ཚད་བརྒྱ་ཆ་95ལས་ཐོག་མར་བརྒལ་ཡོད། མ་དངུལ་དེ་དག་གཙོ་བོ་གྲོང་ཁྱེར་གསར་སྒྱུར་དང་། ཐོན་ལས་འཕེལ་རྒྱས། འབྱུང་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་ལ་བཏང་བ་དང་། སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་གཏོང་སྒོས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་བསྡུར་ཚད་ཀྱི་བརྒྱ་ཆ་84.3བཟུང་ནས་དམངས་འཚོའི་བདེ་རྩར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི་སྤུས་ཚད་ཅུང་མཐོ་བ་དང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཁྲལ་འབབ་སྒོར་དུང་ཕྱུར་125.89ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་24.19འཕར་བ་དེས་བརྒྱ་ཆ་86.86བཟུང་ཡོད་པ་དང་། ཁྲལ་བསྡུ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར་19.04ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་1.21ཆག་ཡོད།

2026ལོར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་དེ་ལག་ལེན་དུ་བསྟར་བ་དང་། སྔོན་རྩིས་ལག་བསྟར་དོ་དམ་ལ་མུ་མཐུད་ནས་དམ་འཛིན་ནན་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་དུས་ཚིགས་དང་པོ་འགོ་ཡག་པོ་འཛུགས་པ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-02-28 6 6 拉萨日报藏文 c217623.html 1 /enpproperty-->