(པར་ངོས་གཉིས་པར་མཐུད)
དཔྱིད་གསར་སྐྱེལ་འདྲེན་རིང་མང་ཚོགས་སྨན་ཁང་དུ་བསྐྱོད་པའི་ལམ་བར་དུ་རླངས་འཁོར་ལ་སྐྱོན་ཤོར་བ་དང་འགྲོ་ལམ་འགག་པ་སོགས་ཀྱི་རོགས་སྐྱོབ་རེ་ཞུའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད། ལམ་རྒྱུད་ཀྱི་མི་དམངས་ཉེན་རྟོག་པས་འཕྲལ་མ་ཉིད་དུ་དང་ལེན་བྱས་ནས་ཐོགས་མེད་བགྲོད་ལམ་ཤར་གཏོང་དང་། ཉེན་རྟོག་པའི་རླངས་འཁོར་གྱིས་སྣེ་ཁྲིད་དེ་སྲུང་སྐྱེལ་བྱེད་པ། ཡུལ་དངོས་སུ་རོགས་སྐྱོར་བཅས་བྱས་ཡོད། མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་དང་རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ཐག་རིང་ལམ་དུམ་དུ་མི་དམངས་ཉེན་རྟོག་པས་རླངས་འཁོར་གྱི་འཁོར་ལོ་རྡོལ་བ་དང་སྐྱོན་ཤོར་བའི་རླངས་འཁོར་ལ་རོགས་སྐྱོར་ཐེངས་མང་བྱས་ཏེ་བདེ་འཇགས་ལ་གནོད་པའི་རྐྱེན་ངན་དུས་ཐོག་ཏུ་བསལ་ཡོད། མང་ཚོགས་མང་པོ་ཞིག་གིས་འགྲིམ་འགྲུལ་ཉེན་རྟོག་པ་མཐོང་སྐབས་བློ་བདེ་པོ་འདུག་ཅེས་བརྗོད། འགྲུལ་སྐྱེལ་ས་ཚིགས་སུ་བདེ་འཇགས་ཀྱི་དྲན་སྐུལ་ཡི་གེ་འཁོར་སྒྲོམ་ཐོག་སྦྱར་ཡོད་པ་དང་། ཞབས་ཞུ་ཁུལ་ནང་དུ་ཆུ་ཁོལ་འཐུང་རྒྱུ་ཡོད་པ། ཁྲོམ་གཞུང་གི་ལམ་མདོར་རྒན་སྐྱོར་བྱིས་ཁྲིད་སོགས་དཔྱིད་གསར་སྐྱེལ་འདྲེན་གྱི་ལམ་བར་དུ་སེམས་རྩ་འཁོལ་བའི་རྣམ་པ་མང་པོ་མཐོང་རྒྱུ་ཡོད། དཔྱིད་གསར་སྐྱེལ་འདྲེན་བྱས་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པས་ཉེན་གྱར་རླངས་འཁོར་102ལ་རོགས་རམ་བྱས་པ་དང་མང་ཚོགས་མི་ཐེངས་284ལ་རོགས་རམ་བྱས་ཡོད།
ལོ་མཇུག་དང་ལོ་འགོར་ས་མཐོར་སྔར་བཞིན་གྲང་ངར་ཆེན་པོ་ཡོད། ས་བབ་མཐོ་ཚད་སྨི་3600ཟིན་པའི་གྲོང་ཁུལ་གྱི་གཞུང་ལམ་ནས་ཀྱག་ཀྱོག་གི་རིམ་མཐོའི་གཞུང་ལམ་བར། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོང་གི་འཐབ་ས་མདུན་མར་ལས་གནས་བརྟན་སྲུང་བྱས་ཡོད། ཁོང་ཚོས་འགན་འཁྲིར་བརྟེན་ནས་དུས་བདེ་སྲུང་བ་དང་། བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ། སེམས་ནུས་ཡོད་རྒུས་ཕྱིར་ལོག་གི་ལམ་བུར་སྲུང་སྐྱོང་བཅས་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་དང་ཕྱིར་སྐྱོད་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社