分享按钮

བོད་ལུགས་ཀྱི་3Dབརྙན་ལམ་ལྷ་སར་བསྟན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།བོད་ཀྱི་བོད་ལུཊ་སྲོལ་རྒྱུན་མཛེས་དཔྱོད་རིག་གནས་ཀྱི་མིག་གཅེར་བུའི་3Dབརྙན་ལམ《མེ་རྟས་ལོ་གསར་བསུ། བསོད་ནམས་དར་བར་ཤོག》ཅེས་པ་ལྷ་སའི་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་གྱི་3Dབརྙན་ལམ་ཆེན་མོར་ཉིན་ལྟར་སྟོན་གྱི་ཡོད་པས།ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

ཤེས་རྟོཊ་བྱུང་བར་གཞིགས་ན།བརྙན་ལམ་དེ་བོད་ལྗོངས་ཐེན་ཧའེ་ཚོང་ལས་དོ་དམ་ཚད་ཡོད་ཀུང་སི་དང་བོད་ལྗོངས་སྤྲིན་རིས་རིག་གནས་བློ་གསར་ཐོན་ལས་ཚད་ཡོད་ཀུང་སིས་མཉམ་དུ་བཏོད་པ་ཞིག་ཡིན་པ་དང་།དེ་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་ལ་སྲུང་སྐྱོང་དང་རིག་གནས་གསར་གཏོད་ཀྱི་ཚད་བརྒལ་གསར་པ་ཞིག་རེད། བརྙན་ལམ་ནང་2026ལོའི་མེ་རྟ་ལོའི་གཙོ་དོན་དང་བོད་ཀྱི་ལོ་གསར་གྱི་སྨོན་ལམ་གཙོ་དོན་དུ་བྱས་ཤིང་།དེའི་ནང་མེས་འོད་ཟེར་དང་དར་ཞིང་རྒྱས་པ་མཚོན་པ་དང་།རྟས་སྟོབས་ཤུགས་དང་རླུང་རྟ་དར་བ་མཚོན་པ།ཞིབ་ཚད་མཐོ་བའི་གྲངས་འཛིན་བཤེར་འབེབས་དང་།3Dའདྲ་བཟོའི་ལག་རྩལ།1:1གི་བོད་བཟོའི་ཕྱེ་མར་དང་སྲོལ་རྒྱུན་གྱི་གྱོན་ཆས།དེ་བཞིན་གངས་ལྗོངས་ཀྱི་རྣམ་པ་མངོན་པ།མིག་གཅེར་བུའི་3Dབརྙན་ཤེལ་གྱི་དམིཊ་བསལ་ནུས་པ།སྒྲིག་ཆས་འདོཊ་མི་དགོས་པ་བཅས་ཀྱི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་སྡུག་ཉམས་སུ་མྱོང་ཐུབ།

བོད་ལྗོངས་ཐེན་ཧའེ་ཚོང་ལས་དོ་དམ་ཚད་ཡོད་ཀུང་སིའི་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་གྱི་འགན་འཁུར་བ་སྐལ་དབྱངས་ཀྱིས།བརྙན་ལམ་དེ་ཁྱིམ་ཚང་ཆུང་ངུའི་དྲོ་སྐྱིད་སྦྱིན་པའི་མཛད་སྒོ་ནས་སྨོན་འདུན་བཟང་པོའི་བར་རིམ་པ་བཞིན་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་རྒྱུན་འཛིན་བྱས་ཏེ།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་།ལྗོངས་ཡོངས་ཀྱི་མི་དམངས་ལ་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་ཚང་མར་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་ཡོད་ཅེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-02-28 6 6 拉萨日报藏文 c217619.html 1 བོད་ལུགས་ཀྱི་3Dབརྙན་ལམ་ལྷ་སར་བསྟན་པ། /enpproperty-->