分享按钮

ཝང་ཆང་གིས་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཁེ་ལས་ཐོན་སྐྱེད་སླར་གསོ་ཁྲོམ་ར་འཁོར་རྒྱུག་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

(པར་ངོས་དང་པོར་མཐུད)ཁྲོམ་རའི་བྲིན་ཁ་ལེགས་སུ་གཏོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།དུས་ཚིགས་དང་པོར་འགོ་ཡག་པོ་འཛུགས་ཐུབ་པར་བྱ་རྒྱུའི་ནན་གསུངས་གནང་བ་རེད།

ཝང་ཆང་སྔ་རྗེས་སུ་མཐོ་གསར་ཟམ་ཆེན་གྱི་རྣམ་གྲངས་སྤེལ་ཡུལ་དང་།ཐོན་སྐྱེད་ཁེ་ལས།ཚོང་ཁང་ཆེ་གྲས།སྒོ་རྩིས་ཚོང་ཁང་བཅས་སུ་ཕེབས་ཏེ།ཕེབས་ཞོར་དང་གཟིགས་ཞོར་དུ་རྣམ་གྲངས་དང་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་ནས་རྣམ་གྲངས་ཨར་སྐྲུན་གྱི་འཕེལ་རིམ་དང་།ཁེ་ལས་ཀྱི་ཐོན་སྐྱེད་བྲིན་ཚོང་།འཛད་སྤྱོད་ཁྲོམ་ར་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས།ལས་རིམ་ལུགས་མཐུན་ངང་ལེགས་སུ་བཏང་ནས་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཕྱོགས་མང་པོ་ནས་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་དང་།རྣམ་གྲངས་ཀྱི་ཨར་ལས་ལས་ཕྱོད་ཆེ་རུ་གཏོང་བ།སྔ་ཙམ་ནས་བསྐྲུན་ཏེ་བེད་སྤྱོད་བྱེད་པ།ལམ་དྲའི་འཁོར་རྒྱུག་སྔར་བས་ཤར་གཏོང་ཐུབ་པ་བཅས་བྱས་ཏེ་གྲོང་ཁྱེར་གྱི་ནུས་པའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་།ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཁེ་ལས་ཀྱི་རང་བརྟེན་ཐོན་རྫས་ཞིབ་འཇུག་དང་།ཐོན་སྐྱེད་ལག་རྩལ་གསར་གཏོད།ཁྲོམ་རའི་གཉེར་ཚོང་དོ་དམ་བཅས་གཏིང་ཟབ་ཏུ་གཏོང་བ་དང་།ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ།ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ།བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ།ཁྲོམ་རའི་ཐོབ་སྐལ་རྒྱ་ཆེར་གཏོང་བ།ཁྱད་ལྡན་འཕེལ་རྒྱས་ཀྱི་ལེགས་ཆ་གཏོད་པ་བཅས་བྱས་ནས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།ཁྲོམ་རའི་བྲིན་ཁ་རྒྱུག་པར་སྐུལ་འདེད་གཏོང་བ་དང་།སྤུས་ཚད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། གཉེར་སྐྱོང་བྱེད་སྟངས་གསར་གཏོད་དང་ལེགས་སུ་གཏོང་བ།ཚོང་ཟོག་གི་སྤུས་ཚད་ལ་ཚོད་འཛིན་ནན་པོ་བྱེད་པ།ཁྲོམ་རའི་ཚོང་ཟོག་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ།ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།སྤུས་ལེགས་སྣ་མང་གི་ཚོང་ཟོག་ལ་བརྟེན་ནས་མི་སེམས་གཅིག་སྡུད་དང་ཁྲོམ་ར་བརྟན་པོ་ཡོང་བ་བཅས་བྱས་ཏེ་འཛད་སྤྱོད་པས་བློ་བདེ་པོའི་ངང་ཉོ་སྒྲུབ་དང་བློ་བདེ་པོའི་ངང་བེད་སྤྱོད་ཐུབ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཉིན་དེར་ཝང་ཆང་ད་དུང་མཉེས་ཐང་ཟམ་ཆེན་དུ་ཕེབས་ནས་གཞུང་ལམ་ཤར་བགྲོད་ཀྱི་གནས་ཚུལ་ལའང་གཟིགས་ཞིབ་གནང་བ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-02-28 6 6 拉萨日报藏文 c217618.html 1 ཝང་ཆང་གིས་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཁེ་ལས་ཐོན་སྐྱེད་སླར་གསོ་ཁྲོམ་ར་འཁོར་རྒྱུག་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ། /enpproperty-->