ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་ལས་གནས་བརྟན་སྲུང་དང་ལམ་ངོས་ཀྱི་འཐབ་ས་མདུན་མར་གཞི་ཚུགས་ཏེ། དཔྱིད་གསར་སྐྱེལ་འདྲེན་རིང་འགྲིམ་འགྲུལ་ཉེན་རྟོག་པས་ལས་དོན་སྤེལ་ཞེས་པའི་གཙོ་དོན་ལ་དམིགས་ནས་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་། སྒྲིག་ལམ་ཐད་དོ་དམ་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དམངས་ཕན་ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་བདེ་འཇགས་བརྟན་སྲུང་དང་དུས་ཆེན་རིང་གི་མང་ཚོགས་ཕྱིར་སྐྱོད་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།
འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་བྱ་རྒྱུར་ལྷོད་གཡེང་མ་བཏང་བར་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ།
དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་ལས་དོན་སྤེལ་འགོ་ཚུགས་ཚུན་དུ། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུར་དུས་གཅིག་ཏུ་སྐུལ་འདེད་བཏང་ཞིང་། རྒྱལ་ལམ་དང་ཞིང་ཆེན་ལམ་རྒྱུད་དུ་མི་དམངས་ཉེན་རྟོག་པས་འགྲོ་ལམ་བདག་སྐྱོང་སྡེ་ཚན་དང་མཉམ་འབྲེལ་ཐོག་གཡང་གཟར་དང་། ཆུ་འགྲམ། ཟམ་པ། ཕུག་ལམ། དེ་བཞིན་གངས་གསོག་ཐེབས་སླ་བའི་འཁྱག་ལམ་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད། ལམ་ངོས་རྫབ་དོང་དང་། སྒྲོམ་སྐྱོར་མི་འདང་བ། མཚོན་རྟགས་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་བཅོས་སྒྲིག་བྱ་རྒྱུར་ལྟ་སྐུལ་བྱས་པ་དང་། སྐབས་ཤིག་རིང་སེལ་ཐབས་བྲལ་བའི་མི་མངོན་པའི་རྐྱེན་ངན་རེ་རེ་བཞིན་ཐོ་འགོད་བྱས་ནས་འགན་འཁྲིའི་ཚན་པར་སྙན་སེང་ཞུས་ཡོད། དཔྱིད་གསར་སྐྱེལ་འདྲེན་བྱས་ཚུན་དུ་གྲོང་ཁྱེར་ཡོངས་ཀྱིས་འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་75གྲལ་བཤེར་བྱས་པ་དང་། ཡུལ་དངོས་སུ་བཅོས་སྒྲིག་ཁག་60བྱས་པ། གཙོ་གནད་འཁོར་རིགས་2000ལྷག་ཙམ་ལ་ཞིབ་བཤེར་བཅས་བྱས་ཡོད།
ལམ་ངོས་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་འགྲུལ་སྐྱེལ་ཁེ་ལས་དང་ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་ཀུང་སིར་བསྐྱོད་དེ་ཁ་ལོ་བའི་ཐོབ་ཐང་དང་། རླངས་འཁོར་གྱི་བདེ་འཇགས་གནས་ཚུལ། དེ་བཞིན་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་མ་ལག་འཁོར་སྐྱོད་ཀྱི་གནས་ཚུལ་བཅས་ལ་ཞིབ་བཤེར་ནན་པོ་བྱས་ནས་ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱས་ཡོད། རླངས་འཁོར་མི་རེ་ངོ་རེའི་བདེ་འཇགས་དེ་ཁྱིམ་ཚང་གཅིག་དང་སྦྲེལ་ཡོད་པས།བདེ་འཇགས་ཀྱི་རྩ་བ་དེ་སྐད་ཅིག་ཙམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་ཞེས་ཞིབ་བཤེར་བྱེད་རིང་མི་དམངས་ཉེན་རྟོག་པས་མངཊ་བཅོལ་ཡང་ཡང་བྱས། དཔྱིད་གསར་སྐྱེལ་འདྲེན་བྱས་ཚུན་དུ་གཙོ་གནད་སྐྱེལ་འདྲེན་ཁེ་ལས་38ལ་ཞིབ་བཤེར་བྱས་པ་དང་བདེ་འཇཊ་ཀྱི་མངོན་མེད་རྐྱེན་ངན་ཁག་31བཅོས་སྒྲིག་བྱ་རྒྱུར་ལྟ་སྐུལ་བྱས་ཡོད།
ལམ་ངོས་དོ་དམ་དང་ཚོད་འཛིན་ལ་སླར་ཡང་ཤུགས་སྣོན་བརྒྱབ་ནས་དམངས་ཕན་ཞབས་ཞུས་མི་སེམས་དྲོ་བར་བྱས་པ།
མེ་འཁོར་འབབ་ཚུགས་དང་། འགྲུལ་སྐྱེལ་འབབ་ཚུགས། ལོ་གསར་གྱི་མཁོ་ཆས་ཁྲོམ་ར་སོགས་གཙོ་གནད་ས་ཁོངས་སུ་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད། ཁོང་ཚོས་ལྕགས་ལམ་སྤྱི་བདེ་དང་འགྲིམ་འགྲུལ་ཁྲིམས་འཛིན་སོགས་སྡེ་ཚན་དང་མཉམ་དུ་དཔྱིད་གསར་སྐྱེལ་འདྲེན་གྱི་དྲིལ་བསྒྲགས་ཞབས་ཞུའི་ས་ཚིགས་བཙུགས་ནས་སྐད་ཡིག་གཉིས་ཀྱི་ཐོག་ནས་བདེ་འཇགས་ཀྱི་རྒྱུན་ཤེས་ལ་འགྲེལ་བཤད་བརྒྱབ་སྟེ།མང་ཚོགས་བདེ་འཇགས་ངང་ཕ་ཡུལ་དུ་ལོག་རྒྱུར་ཁྲིད་སྟོན་བྱས་ཡོད། གྲོང་ཁུལ་གྱི་རུ་ཆེན་ཁག་གིས་གནས་གཏན་འཁེལ་གྱི་ལས་སྒྲུབ་དང་སྐོར་གཡེང་གི་དོ་དམ་དང་ཚོད་འཛིན་ཟུང་འབྲེལ་བྱས་ཏེ། མེ་ཟོན་བགྲོད་ལམ་ཐོག་ཅ་དངོས་གང་བྱུང་དུ་འཇོག་པ་དང་ཧམ་བཟུང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་ཆབས་ཅིག་ཏུ་གློག་སྒུལ་རྐང་འཁོར་གྱི་འགྲིམ་འགྲུལ་ཁྲིམས་འགལ་ཐད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡ་རབས་ངང་ཕྱིར་སྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད། ཞིང་འབྲོག་ཁུལ་དུ་མི་དམངས་ཉེན་རྟོག་པ་གྲོང་ཚོ་དང་ཚོང་འདུས་སུ་བསྐྱོད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་སྐྱོད་ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་བདེ་འཇགས་སྦག་ཞྭ་གྱོན་པ་དང་། ཞིང་སྤྱོད་རླངས་འཁོར་ལ་མི་སྡོད་པ། ཆང་རག་བཏུངས་ནས་རླངས་འཁོར་གཏོང་མི་ཆོག་པ་སོགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社