རིག་གནས་ཡུལ་སྐོར་ནི་བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་གྱི་ལྟེ་བའི་ཐོན་ལས་ཤིག་རེད།ཉེ་བའི་ལོ་ཤས་རིང་།གླིང་ཁུལ་གྱིས་ཐོན་ལས་ཀྱི་ལྟེ་བའི་ལེགས་ཆར་དམིགས་ནས་འཕེལ་རྒྱས་ཀྱི་ལེ་ལག་ཚང་བའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་།མཛེས་ལྗོངས་ཁུལ་གཏོད་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།ཡུལ་སྐོར་བ་དང་མང་ཚོགས་ཀྱི་ཉམས་ལེན་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་བཅས་བྱས་ཏེ།རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་དེ་བས་བཀྲག་མདངས་འཚེར་བར་བྱས་ཡོད།
ཚང་མས་རི་འཛེག་རྐང་ལམ་དེད་ནས་མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་ལྗོངས་གཟིཊ་ཁུལ་དུ་བསྐྱོདདེ་མཛེས་ལྗོངས་ལ་ལྟ་སྐོར་བྱས།གྲོང་མི་ལྷ་མོ་མཚོས།ད་ཆ་ལྷོ་རིའི་སྤྱི་གླིང་གི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་འཐུས་སྒོ་ཚང་བ་དང་།དེ་སྔའི་སྐས་འཛེག་ལམ་ནི་ཤིང་ལས་གྲུབ་པ་ཞིག་ཡིན།ད་ཆ་ལྕགས་རིགས་ཀྱི་རྒྱུ་ཆར་གྱུར་ནས་བདེ་འཇགས་རང་བཞིན་ཆེ་རུ་ཕྱིན་ཡོད་པར་མ་ཟད།ལྷོ་རིའི་ཡུལ་ལྗོངས་ཀྱང་ལྟ་ན་སྡུག་པ་ཞིག་ཡོད་ཅིང་།ལྷ་སའི་ཡུལ་ལྗོངས་ཧྲིལ་པོ་མིག་ལམ་དུ་མངོན་གྱི་ཡོད།ཁོམ་པ་བྱུང་སྐབས་ང་རྟག་ཏུ་གྲོགས་པོ་དང་མཉམ་དུ་འདི་གར་བསྐྱོད་ནས་དྲན་རྟེན་པར་རྒྱག་གི་ཡོད་ཅེས་བཤད། ཤིང་ལས་བཟོས་པའི་སྐས་ལམ་ཨང་དང་པོ་དེ་ལྕགས་རིགས་སུ་བསྒྱུར་བ་ནི་2025ལོའི་ལྷོ་རིའི་སྤྱི་གླིང་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་གྲས་ཤིག་རེད།སྐབས་དེ་དུས་གླིང་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ནས་སྒྱུར་བཀོད་རྣམ་གྲངས་ཆེན་པོ་གསུམ་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བས།གླིང་ཁུལ་དུ་སྐྱོད་པའི་འགྲོ་ལམ་དང་རི་འཛེག་གི་སྐས་ལམ་གཉིས་ཀ་ལེགས་སུ་ཕྱིན་པ་དང་གླིང་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ནས།འགྲོ་སྐྱོད་བདེ་པོ་ཡོད་ལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཀྱང་བརྟན་དུ་ཕྱིན་ཡོད།ལོ་དེར་ལྷོ་རིའི་སྤྱི་གླིང་དེ་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པ་རེད།
ལྷོ་རིའི་སྤྱི་གླིང་ལས་གྲྭ་པུའི་ལས་མི་ཝང་ཡིང་གིས།གཅིག་ནས་ལྷོ་རིའི་སྤྱི་གླིང་གི་ལམ་དུམ་རིམ་སྤོར་སྒྱུར་བཀོད་བྱས་ནས་ཆུ་བསིམ་འཛུལ་གྱི་ཆེད་དོན་འདུ་འགོད་མང་དུ་བཏང་བ་དང་།གཉིས་ནས་མཚེའུའི་མཐའ་འཁོར་གྱི་སྐས་ལམ་ཁྱོན་ཡོངས་ནས་བརྗེ་པོ་བརྒྱབ་པ་དང་འབྲེལ་གུར་མང་པོ་བརྒྱབ་པ།གསུམ་ནས་སྔར་ཡོད་ཀྱི་ཤིང་ལས་གྲུབ་པའི་སྐས་ལམ་དང་པོ་བཤིགས་ནས་ལྕགས་རིགས་སྐས་ལམ་དུ་བརྗེས་པ་དང་།ཆབས་ཅིག་སྐས་ལམ་གྱི་གཞོགས་གཉིས་སུ་ལག་སྐྱོར་བསྒར་ནས་བདེ་འཇགས་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་དང་།ཁོང་གིས།2025ལོར་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་59ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་།རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་བྱས་པས།སྤྱི་གླིང་དུ་ཡོང་མཁན་ཡུལ་སྐོར་བ་དང་མང་ཚོགས་ཀྱི་མྱོང་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
ལྷོ་རིའི་སྤྱི་གླིང་གི་སྐྱེ་ཁམས་བཟང་པོས་དགུན་དུས་སུའང་གྲོང་མི་དང་ཡུལ་སྐོར་བའི་ཡིད་དབང་འཕྲོག་ནས་བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།གླིང་ཁུལ་དེའི་རིག་གནས་ཡུལ་སྐོར་ཐོན་ལས་སྐོར་གླེང་སྐབས།དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》ནི་མ་གླེང་ཐབས་མེད་ཅིག་ཏུ་གྱུར་ཡོད།
2025ལོའི་བར་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》དུས་ཚིགས་བཅུ་གསུམ་བར་འཁྲབ་སྟོན་བྱས་པ་རེད།ལོ་མང་རིང་གི་ཐོན་ལས་བཀོད་སྒྲིག་དང་ཁྲོམ་ར་སྐྱེད་སྲིང་བྱས་པ་བརྒྱུད།བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་དུ་རིག་གནས་ཡུལ་སྐོར་འཁྲབ་སྟོན་ལྟེ་བར་བྱས་པ་དང་། གསར་གཏོད་དང་།བློ་གསར། ལས་གཏོད་བཅས་གསུམ་ལ་བརྟེན་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཆགས་ཡོད།དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་།གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》 ཚེ་མཆོག་གླིང་བོད་ཁང་གི་ཡུལ་སྲོལ་ཁྲོམ་གཞུང་།འུན་ཤིང་ཀོང་ཇོའི་རིག་གནས་ཡུལ་སྐོར་གྱི་གཙོ་དོན་གླིང་བཅས་ཀྱི་ཐུན་མོང་སྐུལ་འདེད་འོག་གླིང་ཁུལ་དུ་ཟློས་གར་གཉིས་དང་།ཁྲོམ་གཞུང་གཅིག གླིང་གཅིག་བཅས་ཕྱོགས་བཞི་གཞི་གཅིག་གི་རིག་གནས་ཡུལ་སྐོར་ཐོན་ལས་གཅིག་སྡུད་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་བཙུགས་ནས། མཐའ་འཁོར་ས་ཁོངས་ཀྱི་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་གྱི་ཐོན་ལས་གཞི་ཁྱོན་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ཧོ་མེ་པོ་ཏ་ལ་རིག་གནས་བློ་གསར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཁྲའོ་ཡིས།2025ལོར《འུན་ཤིང་ཀོང་ཇོ》ཟློས་གར་ཁང་གིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་25ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་།མི་ཐེངས་550ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས་ཁྲལ་དངུལ་སྒོར་ཁྲི་640འཇལ་ཡོད།མིག་སྔའི་བར།ང་ཚོས་རིམ་རྩིས་བྱས་ན་མི་ཁྲི་1ལྷག་ཙམ་ལས་ཞུགས་ཐུབ་པ་དང་།གླ་ཆ་མི་དམངས་ཤོག་སྒོར་དུང་ཕྱུར་5ཙམ་སྤྲད་ཡོད་ཅེས་བཤད།ཁོང་གིས།2025ལོར་ཟློས་གར་ཁང་དུ་རིན་མེད་ངང་དྲ་ཐོག་གྲགས་ཅན་འཁྲབ་སྟོན་བྱེད་ས་7མང་དུ་ཕྱིན་པ་དང་།ཀུང་སིར་རྒྱལ་ཡོངས་ཀྱི་འཚར་ལོངས་རང་བཞིན་གྱི་རིག་གནས་ཁེ་ལས་སྟོབས་ཆེན་30ཡི་མཚན་སྙན་ཐོབ་པ།གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡང་རྒྱལ་ཡོངས་ཀྱི་འཁྲབ་སྟོན་སྤུས་རྟགས་ཁག་གཉིས་པའི་མིང་གཞུང་ནང་ཚུད་ཡོད་ཅེས་བཤད།
ཝང་ཆང་གིས།2026ལོར་ང་ཚོས《འུན་ཤིང་ཀོང་ཇོའི》ཟློས་གར་ཁང་གི་ཞབས་བྲོ་དང་གློག་འོད་ཀྱི་ཕན་འབྲས་སྔར་བས་ཆེ་རུ་བཏང་ནས། ཡུལ་སྐོར་བའི་ཉམས་ལེན་སྔར་བས་ལེགས་སུ་བཏང་ཐོག་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
མང་ཚོགས་དང་ཡུལ་སྐོར་བའི་མྱོང་ཚོར་མུ་མཐུད་དེ་ཆེ་རུ་གཏོང་ཆེད།བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་གྱིས་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།མིག་སྔར།ལྷ་ཡུལ་གྱི་རྩྭ་ཐང་ཞེས་པའི་ཐ་སྙད་རང་བཞིན་གྱི་ཇུས་གཞི་བཟོས་ཟིན་པ་དང་།དེའི་ཡན་ལག་རྣམ་གྲངས་ཏེ།ཕོ་བྲང་ལར་གཟིགས་པའི་ཁམས་གཙང་ཟ་མ་འཚིག་ཇ་ཁང་དེ་2025ལོའི་ཟླ་12ཚེས་21ཉིན་ལས་འགོ་བཙུགས་པ་དང་།འཆར་གཞི་ལྟར་ན།2026ལོའི་ཟླ་3པར་ལས་མཇུག་འགྲིལ་རྒྱུ་དང་།བསྐྲུན་ཟིན་རྗེས་ཡུལ་སྐོར་བར་སྤྲོ་གསེང་རང་བཞིན་དང་རིག་གནས་ཀྱི་ནང་དོན་ལྡན་པའི་བར་མཐོངས་གསར་པ་མཁོ་འདོན་བྱ་རྒྱུ་མ་ཟད།གླིང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་རེད།
རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལྟེ་བའི་ལེགས་ཆར་དམིགས་ནས་བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་གྱིས་ལོ་རྒྱུས་རིག་གནས་དང་།དམངས་སྲོལ་གོམས་གཤིས།རང་བྱུང་སྐྱེ་ཁམས་ཐོན་ཁུངས་བཅས་སྔོག་འདོན་གཏིང་ཟབ་བྱེད་པ་དང་།བག་ཕེབས་རྣམ་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་གཏོད་པ།རིག་གནས་ཡུལ་སྐོར་གྱི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་དམིགས་པ་བཅས་བྱས་ཏེ།ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཧུར་ཐག་གཏོད་རྒྱུ་རེད།2025ལོར་གླིང་ཁུལ་དེར་ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར(ཐོན་ལས་འཕེལ་རྒྱས)གྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་དང་།རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བརྟན་པོའི་ངང་མདུན་སྐྱོད་བྱས་ཏེ་ལེའུ་གསར་པ་མུ་མཐུད་དེ་བརྩམ་རྒྱུ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社