分享按钮

《ལྷ་སའི་སྲིད་དོན་བགྲོ་གླེང》ཞེས་པའི་ལེ་ཚན་གྱི་དུས་ཐེངས་50པ་བསྟན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་5ཉིན《ལྷ་སའི་སྲིད་དོན་བགྲོ་གླེང》ཞེས་པའི་ལེ་ཚན་གྱི་དུས་ཐེངས་50པ་བསྟན་པ་དང་། ད་ཐེངས་ཀྱི་ལེ་ཚན་ནང་ཐོན་སྐྱེད་བདེ་འཇགས་ཀྱི་འབྲེལ་ཡོད་གནད་དོན་ལ་དམིགས་ནས་ཆེད་དོན་སྲིད་དོན་བགྲོ་གླེང་བྱས་པ་རེད། དྲ་ཐོག་གི་ལས་སྟེགས་ཁག་ཏུ་སྤྱིའི་བསྟན་ཚད་དང་མོས་བསྟོད་བྱེད་མཁན་མི་ཐེངས་ཁྲི་11.5ཟིན་ཡོད།

ད་ཐེངས་ཀྱི་ལེ་ཚན་ནང་བརྙན་ལམ་ཐུང་ངུ་བརྒྱུད་དེ་ཆུ་ཤུར་རྫོང་དང་མལ་གྲོ་གུང་དཀར་རྫོང་གི་ཐོན་སྐྱེད་བདེ་འཇགས་ཁྲོད་ལྷག་པའི་ཁྲོན་པའི་ཁེབས་གཅོད་ལ་སྐྱོན་ཤོར་བ་དང་། འགྲོ་ལམ་མར་རྡིབ་པ། གློག་གསོག་གི་གློག་སྐུད་ཟང་ཟིང་སོགས་ཀྱི་གནད་དོན་དམར་རྗེན་དུ་བཏོན་པ་དང་། ཆུ་ཤུར་རྫོང་དང་མལ་གྲོ་གུང་དཀར་རྫོང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་དམར་རྗེན་དུ་བཏོན་པའི་གནད་དོན་ལ་ས་ཡུལ་དངོས་སུ་ལན་འདེབས་པ་དང་བཅོས་སྒྲིག་བྱ་རྒྱུའི་ཁས་ལེན་བྱས་པ་རེད ཁོང་རྣམ་པས་མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་པ་དང་། རྗེས་སྙེག་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་རྒྱག་པ། ལྷག་པའི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་པ། ཐོན་སྐྱེད་བདེ་འཇགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་གྱུར་བ་བྱེད་རྒྱུའི་རྣམ་པ་བསྟན་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་ཟོན་མི་སྣ་གདན་དྲངས་ནས་མེ་ཟོན་གྱི་བདེ་འཇགས་ཤེས་བྱ་ཁྱབ་གདལ་དུ་བཏང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུང་ལིའུ་ཀྲུའུ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་བསོད་ཆོས་བཅས་ཚོགས་འདུར་ཞུགས་པ་དང་། གྲོང་ཨུད་སྤྱོད་ཚུལ་གཞུང་ལས་ཁང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་ཡང་ཚོགས་འདུར་ཞུགས་ཡོད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214916.html 1 《ལྷ་སའི་སྲིད་དོན་བགྲོ་གླེང》ཞེས་པའི་ལེ་ཚན་གྱི་དུས་ཐེངས་50པ་བསྟན་པ། /enpproperty-->