分享按钮

ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་ཁྲེང་ཀོན་ཆུས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་འདི་ལོའི་དཔལ་འབྱོར་ལས་དོན་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་དང་སྒུལ་ནུས་གཅིག་སྡུད་བྱས་པས་ཁྲེང་ཀོན་ཆུས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད།

ལྟེ་བའི་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ཡིན་པའི་ཁྲེང་ཀོན་ཆུས་ཀྱིས་རིམ་ཁག་ལས་བྱེད་པ་དང་ལས་བཟོ་བ་དང་ཁེ་ལས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཡན་ལག་ཚོགས་རར་ཞུགས་པ་རེད། ཚང་མས་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ཉན་པ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། སྔོན་དུ་སྐྱོད་པ་དང་། གཙོ་རྒོལ་བྱེད་པ། གདོང་ལེན་པ་བྱེད་པ་བཅས་ཀྱི་འགན་འཁྲི་ཁུར་ནས་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་གསར་པ་བདུན་གྱི་ཁྲེང་ཀོན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཀྲོའུ་ཡ་ལིས་རྗེས་མར་ཕྱོགས་ཁག་གསུམ་ལ་དམིགས་ནས་ཤུགས་རྒྱག་རྒྱུ་ཡིན་པ་སྟེ། དེ་ཡང་ཁྱད་ལྡན་གྱི་རྣམ་པ་བཏོད་དེ་འཛད་སྤྱོད་ཉམས་ལེན་གསར་པ་བྱེད་པ་དང་། འཛད་སྤྱོད་ཁ་གསབ་དང་སྣ་ཁ་རྒྱ་སྐྱེད་སོགས་སྲིད་ཇུས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ།ལྷག་བསམ་རྣམ་དག་གི་ཞབས་ཞུའི་སྤུས་རྟགས་དང་ཀུན་སྒྲུབ་དྲུག་ལ་བརྟེན་ནས་ཁེ་ལས་ཀྱི་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་དང་། དེ་དང་ཆབས་ཅིག་སྒྱུར་བ་བཞིའི་འདུ་འགོད་ལ་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་འབྲེལ་མཐུད་ཀྱི་བྱེད་སྒོ་སྤེལ་ནས་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་བྱས་ཏེ་གསོན་ཤུགས་ཀྱིས་ཁེངས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་རྒྱུ་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཝང་རུའེ་ཡིས་ཚོགས་འདུའི་ཐོག་འདི་ལོའི་དཔལ་འབྱོར་ལས་དོན་དང་ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་རྐང་དུ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ། སྡོད་མལ་དང་། ལས་རིགས། ཡུལ་སྐོར་བཅས་ལ་འཚམ་པའི་ཁོར་ཡུག་གཏོད་པ་བཅས་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་ཁྲེང་ཀོན་ཆུས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c214917.html 1 ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ། /enpproperty-->