分享按钮

གཞུང་ལས་ཁུལ་གྲོང་ཁྱེར་གྱི་ཚོམས་ཆེན་དུ་བསྒྱུར་ནས་གྲོང་མི་ཁྲི་ཕྲག་ལ་ཕན་པ་སྦྱིན་པ།

(པར་ངོས་གཉིས་པར་མཐུད)སྡོད་དམངས་ཀྱིས་འདི་གར་ཉིན་རེའི་ལས་དོན་སྒྲུབ་ཐུབ་པར་མ་ཟད། ད་དུང་འདི་ནས་ཟ་མ་ཟ་བ་དང་། དཔེ་ཀློག སློབ་སྦྱོང་། རོལ་རྩེད། སྤེལ་རེས་བཅས་བྱས་ཏེ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་བར་མཐོངས་དངོས་སུ་རྒྱ་བསྐྱེད་དང་གསོན་ཤུཊ་ལྡན་པ་བྱས་ཡོད།

ནུས་པའི་ཇུས་འགོད་ཐད། བར་མཐོངས་དེས་ལོ་ཚད་ཧྲིལ་པོའི་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་པ་སྟེ། རྒན་རབས་ཁོ་ནར་དབང་བའི་སྤྲོ་གསེང་མིག་མངས་ཁུལ་བཀོད་སྒྲིག་བྱས་ཡོད་པ་དང་། ཐོག་བརྩེགས་དང་པོའི་སྒོ་རྩིས་ཚོང་ཁང་དུ་སྡེ་ཁུལ་གྱི་སྐར་གསོག་བརྗེ་བའི་ས་ཚིགས་བཙུགས་ནས་གྲོང་མི་སྤྱི་པའི་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཡོད། དེ་བཞིན་ཐོག་བརྩེགས་གཉིས་པར་ནུས་མང་བྱེད་སྒོ་ཁང་བཀོད་སྒྲིག་བྱས་ནས། རིག་གནས་འདུ་འཛོམས་དང་གསོ་སྦྱོང་སྣ་ཚོགས་ལ་རྒྱབ་སྐྱོར་བྱས་ཡོད། གཞོན་ནུ་ཚོས་དགའ་པོ་བྱེད་པ་དང་སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། བར་མཐོངས་སུ་ད་དུང་ས་གནས་དེ་གའི་སློབ་ཆེན་སློབ་མའི་ལས་གཏོད་གྲགས་རྟགས་ཀྱི་ཀོག་ཧྥེ་ཁང་ཡོད་པར་མ་ཟད། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་དང་མཉམ་ལས་བྱས་ཏེ། སྡེ་ཁུལ་གྱི་དཔེ་དེབ་འཁོར་རྒྱུག་ས་ཚིགས་བཙུགས་ནས། དཔེ་ཀློག་ལ་དགའ་བའི་སྡེ་ཁུལ་གྱི་རྣམ་པ་རྒྱུན་མཐུད་ངང་བཏོད་ཡོད།

རིག་གནས་ཞབས་ཞུ་དེ་ཁང་པའི་ནང་ཙམ་མ་ཡིན་པར། སྡེ་ཁུལ་གྱིས་ཚོགས་པ་དང་ཁེ་ལས་སོཊ་སྤྱི་ཚོཊ་ཀྱི་སྟོབས་ཤུགས་དང་མཉམ་འགུལ་ཧུར་ཐག་བྱས་ཏེ། གཟའ་མཇུག་དང་དེ་བཞིན་དུས་ཆེན་དང་ངལ་གསོའི་ཉིན་མོར་ཐང་ཆེན་ཆུང་ངུའི་ཐོག་འོས་འགན་ཕྱིར་འཚོང་དང་འོས་འགན་སྨན་བཅོས་སོགས་སྤྱི་ཕན་ཞབས་ཞུ་སྒྲིག་འཛུགས་བྱས་ནས། སྤྱི་པའི་རིག་གནས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ཡོད། དམངས་ཕན་ཞབས་ཞུའི་ཁུལ་དུ་ལས་ཁུངས་ཅན་གྱི་བྱེད་སྟངས་འདོར་བ་དང་ཚན་པ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་ཀུན་ཁྱབ་ཞབས་ཞུའི་རྣམ་པ་ཁྱབ་གདལ་དུ་བཏང་བ་བརྒྱུད། ཞབས་ཞུའི་ལས་ཕྱོད་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

སྡེ་ཁུལ་གྱིས་ད་དུང་རིག་གནས་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་བྱ་རྒྱུར་སྣང་ཆེན་བྱས་ཏེ། ཏང་འཛུགས་སྐྱོང་གིས་རིག་གནས་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་གཙོ་དོན་ལ་དམིགས་ནས། ཁྲོམ་གཞུང་གི་ལས་དོན་ཨུ་ལྷན་ཆེན་མོའི་ཁོངས་མིའི་ཚན་པ་དང་མཉམ་འབྲེལ་བྱས་ནས། བར་མཐོངས་སུ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་རིག་གནས་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད།

སྡེ་ཁུལ་གྱི་ལས་དོན་པ་བསྟན་འཛིན་སྒྲོལ་མས་འདི་གར་ཀོག་ཧྥེ་འཐུང་བ་དང་དཔེ་དེབ་ལྟ་ཐུབ་པར་མ་ཟད། གཟའ་མཇུག་དང་དུས་ཆེན་ལའང་དཔེ་ཀློག་མཉམ་སྤྱོད་འདུ་ཚོགས་དང་བྱིས་པའི་སྲོ་སྐམ་ཉམས་ལེན་སོགས་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད། དེ་སྔོན་འདི་གར་ཡོང་མཁན་ཉུང་ཉུང་ཡིན་པ་དང་། ད་ཆ་ཚང་མ་འདི་གར་ཡོང་འདོད་བྱེད་ཀྱི་ཡོད། ང་ཚོའི་འབད་བརྩོན་ལ་གྲུབ་འབྲས་ཐོབ་པས་བློ་ཡིད་ཚིམ་པོ་འདུག་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། ཚེས་གསུམ་ཐང་སྡེ་ཁུལ་གྱིས་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུ་རྒྱ་ཆེར་གཏོང་བ། དང་བླངས་ཕན་ནུས་ཆེ་རུ་གཏོང་བ། སྡོད་མལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་པ་བརྒྱུད། རིག་གནས་དང་། རོལ་རྩེད། སྤྲོ་གསེང་། སྤྱི་ཚོགས་འབྲེལ་འདྲིས། བདེ་ཐང་ཁམས་གསོ། ལུས་སྦྱོང་བཅས་ལ་ཁྱབ་པའི་སྐར་མ་15ཡི་སྤུས་ཚད་ལྡན་པའི་རིག་གནས་འཚོ་བའི་ཁུལ་རིམ་བཞིན་བསྐྲུན་ཡོད། མིག་སྔར། འཚོ་བའི་འཁོར་རྒྱ་དེས་ཁུལ་ཆུང་22ལ་ཞབས་འདེགས་ཞུས་ནས་གྲོང་མི་ཁྲི་ཙམ་ལ་ཕན་པ་ཐོབ་སྟེ། ལྷ་སའི་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་དང་སྡེ་ཁུལ་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱེད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214914.html 1 གཞུང་ལས་ཁུལ་གྲོང་ཁྱེར་གྱི་ཚོམས་ཆེན་དུ་བསྒྱུར་ནས་གྲོང་མི་ཁྲི་ཕྲག་ལ་ཕན་པ་སྦྱིན་པ། /enpproperty-->