གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཀྱི་མདུན་དུ་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས།ལམ་སྲོལ་གསར་གཏོད་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད།གོམ་སྟབས་བཞི་ལྟེ་བར་བྱས་པའི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད། གྲོང་རྡལ་དེས་རྩ་འཛུགས་ཀྱི་མཁར་རྫོང་བརྟན་དུ་གཏོང་བ་དང་། ཕྱོགས་ལྔ་མཉམ་འགུལ་གྱི་བརྡ་ལན་ལམ་སྲོལ་འཛུགས་པ། འགལ་ཟླ་འདུམ་འགྲིག་བྱེད་སྟངས་གསར་གཏོད་བྱེད་པ། སྣ་མང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱེད་པ་སོགས་བརྒྱུད་རིམ་རང་བཞིན་གྱི་བྱ་ཐབས་སྤྱད་པ་བརྒྱུད།བཅོས་སྐྱོང་གི་ཕན་ནུས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པར་མ་ཟད།ཏང་ཨུད་ཀྱིས་གཙོ་ཁྲིད་དང་།སྣ་མང་མཉམ་བཅོས།གནད་སྨིན་ཞབས་ཞུ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་དེ་བས་ཆགས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་ཆུ་ཤུར་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་བཅོས་སྐྱོང་གི་སྲོག་ཤིང་བརྟན་པོར་བཙུགས་པ་སྟེ།ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། གཅིག་བྱས་པ་བཞི་ཡི་ཐོག་མའི་བསམ་འདུན་གྱི་འབོད་སྐུལ་བྱ་སྤྱོད་དང་།ཐོག་མའི་བསམ་འདུན་མཚོན་པའི་འཕྲིན་ཡིག་གི་གྲོས་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད།ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱིས་ཐོབ་ཐང་གསལ་སྟོན་དང་མིག་དཔེ་སྟོན་རྒྱུར་སྐུལ་ལྕག་བྱས་ཡོད།རྩ་འཛུགས་བཀོད་སྒྲིག་ལ་གསར་གཏོད་བྱས་ཏེ།ཏང་ཨུད་ཀྱིས་སྤྱི་འདོམས་བྱེད་པ་དང་། ཀྲི་པུའུ་ཡིས་སྣེ་ཁྲིད་པ།ཡན་ལག་རུ་ཁག་གིས་འགག་སྒྲོལ་བྱེད་པ་བཅས་རིམ་པ་གསུམ་གྱི་ཞབས་ཞུའི་སྒྲོམ་གཞི་བཙུགས་པ་དང་།ཚོན་མདོག་སྣ་ལྔའི་མེ་ཏོག ཆུ་ཤུར་གྱི་སེམས་སྦྲེལ་ཟམ་པ་སོགས་ཆེད་ལས་ཅན་གྱི་ཞབས་ཞུའི་རུ་ཁག་བཏོད་དེ་ཀྲི་པུའུ་དེ་ཞབས་ཞུའི་སྦྲེལ་ཐག་ཐོག་བཙུགས་ཡོད།འགག་རྩའི་ལས་དོན་ལ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་ལས་ཀའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་འགན་ལེན་བྱས་ཡོད།
དགོས་མཁོ་ཕྱོགས་སྟོན་དུ་བཟུང་ནས་དམངས་ཀྱི་རེ་སྒུག་གནད་སྨིན་སྦྲེལ་མཐུད་བྱས་པ་སྟེ།ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས་གཞན་དབང་གི་དང་ལེན་དེ་རང་འགུལ་ངང་ཤེས་རྟོགས་བྱ་རྒྱུར་བསྒྱུར་ནས།མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་རྩ་བའི་ཚད་གཞིར་བྱས་ཡོད། ཏང་ཡོན་ལས་བྱེད་པས་གཞི་རིམ་དུ་སླེབས་པ་བཞི་དང་གཅིག་སེམས་གཅིག་སྦྲེལ་སོགས་ཀྱི་བྱ་ཐབས་བརྒྱུད།དྲ་མིག་ནང་ཟབ་འཇུག་བྱས་ཏེ་ལོ་ཧྲིལ་པོར་རང་གཤིས་ཅན་གྱི་དམངས་འཚོའི་དགོས་མཁོ་127གནད་སྨིན་འཚོལ་བསྡུ་བྱས་པ་དང་།དུད་ཚང་རེར་ཡིག་ཚགས་རེའི་སྒུལ་རྣམ་རྩིས་ཁྲ་83བཟོས་ཡོད།ཞིང་འབྲོག་པའི་དགོས་མཁོ་དང་བསམ་འཆར་འདོན་པ་དང་། གྲོང་ཚོ་ཨུ་ལྷན་གྱི་དགོས་མཁོ་དང་བསམ་འཆར་འཚོལ་བསྡུ་བྱེད་པ། གྲོང་རྡལ་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་བྱེད་པ། སྡེ་ཚན་གྱི་ལས་དོན་དང་ལེན་བྱེད་པ། མང་ཚོགས་ཀྱིས་ལས་དོན་ལ་དཔྱད་འདེམས་བྱེད་པ་བཅས་ཀྱི་ཕྱོགས་ལྔ་མཉམ་འགུལ་གྱི་མགྱོགས་མྱུར་ཐག་གཅོད་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་ནས།དགོས་མཁོ་གཟའ་འཁོར་གཅིག་ཐི་ནང་དང་ལེན་བྱས་ནས་ཟླ་བ་གཅིག་གི་ནང་སྒྲུབ་ཚར་བ་མངོན་འགྱུར་བྱུང་བ་དང་། ལོ་ཧྲིལ་པོར་དམངས་འཚོའི་བྱ་བ་དངོས་50ལྷག་ཙམ་མཉམ་འགུལ་ངང་ཐག་གཅོད་བྱས་པ།བསམ་འདུན་ཆུང་ངུ་30མངོན་འགྱུར་བྱུང་བ།དགོས་མཁོ་ནས་ཞབས་ཞུའི་གདེང་འཇོག་བར་གྱི་གནད་སྨིན་ལམ་སྲོལ་ཞིག་བཏོད་ཡོད།
ལམ་སྲོལ་གསར་གཏོད་བྱས་ནས་མཉམ་བཅོས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པ་སྟེ།བཅོས་སྐྱོང་གི་འགྲན་སློང་མདུན་དུ་ཆུ་ཤུར་གྲོང་རྡལ་གྱིས་ལམ་སྲོལ་གསར་གཏོད་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱས་ཤིང་།ཕྱོགས་བསྡུས་བཅོས་སྐྱོང་གི་སྣེ་ཁྲིད་དང་།ཚན་པ་མང་པོའི་མཉམ་འགུལ།ལས་བྱེད་པ་རྒན་གྲས་ཞུཊ་པ་བཅས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལམ་སྲོལ་བཙུགས་ནས་རྩོད་གཞི་78གྲུབ་འབྲས་ཐོབ་པའི་ངང་བསལ་བ་དང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社