ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་གྱིས་བཏོད་པའི་སྤྱི་པའི་རིག་གནས་བར་མཐོངས་གསར་པ་དེ་ལྷ་སའི་སྤྱི་པའི་རིག་གནས་ཀྱི་བར་མཐོངས་ཡག་ཤོས་བཅུའི་གྲས་སུ་བདམས་པ་ཡོད། བར་མཐོངས་དེ་ནི་སྡེ་ཁུལ་གྱི་སྔར་ཡོད་ཀྱི་གཞུང་ལས་ཁུལ་སྒྱུར་བཀོད་རིམ་སྤོར་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། ད་ཆ་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་དང་། དམངས་ཡོངས་ཀྱི་དཔེ་ཀློག སྤྲོ་གསེང་གི་སྤྱི་ཚོགས་དང་འབྲེལ་འདྲིས། དམངས་ཕན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་སྡེ་ཁུལ་གྱི་འཚོ་བའི་ལྟེ་གནས་སུ་གྱུར་ཡོད། དེ་ནི་གྲོང་མི་ཚོ་རྒྱུན་དུ་འགྲོ་རྒྱུར་དགའ་བའི་གྲོང་ཁྱེར་གྱི་ཚོམས་ཆེན་ཞིག་ཡིན་པར་མ་ཟད། མི་ཁྲི་ལ་ཉེ་བར་ཁྱབ་པའི་སྐར་མ་15ཡི་སྤུས་ཚད་ལྡན་པའི་རིག་གནས་འཚོ་བའི་འཁོར་རྒྱ་ཞིག་ཀྱང་ཡིན། དེ་ལས་ལྷ་སའི་གཞི་རིམ་སྤྱི་པའི་ཞབས་ཞུ་དང་སྡེ་ཁུལ་བཅོས་སྐྱོང་མཉམ་འདྲེས་གསར་གཏོད་ཀྱི་རྣམ་པ་གསར་པ་གསོན་ཉམས་དོད་པོས་མངོན་ཡོད།
ཉེ་ཆར། གསར་འགོད་པ་བར་མཐོངས་དེར་སླེབས་སྐབས། ལྷ་སའི་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་སློབ་ཆུང་གི་སློབ་མ་ཡེ་ཤེས་ལྷག་སྒྲོན་གྱིས་གཅུང་མོ་དང་མཉམ་དུ་ཁུ་སིམ་མེར་དཔེ་དེབ་ཀློག་བཞིན་ཡོད་པ་དང་།ཐག་མི་རིང་བའི་གྲོས་བསྡུར་ཁུལ་དུ་སྡེ་ཁུལ་གྱི་ལས་དོན་པ་དང་གྲོང་མི་མཉམ་དུ་བསྡད་དེ་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མི་ཚོགས་ལ་རོགས་སྐྱོར་དང་གྲོང་མི་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད། རེས་མོས་ངང་གཏམ་བཤད་སྤེལ་བ་བརྒྱུད་ཉམས་མྱོང་མཉམ་སྤྱོད་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཡོད། ཡེ་ཤེས་ལྷག་སྒྲོན་གྱིས་ང་ཚོ་རྟག་ཏུ་འདི་གར་དཔེ་དེབ་དང་གློག་བརྙན་ལྟ་བར་ཡོང་གི་ཡོད། སྡེ་ཁུལ་གྱི་གཅེན་པོ་དང་གཅེན་མོ་ཚོས་ཀྱང་ང་ཚོའི་སྦྱོང་ཚན་ཐད་ཟུར་ཁྲིད་བྱེད་ཀྱི་ཡོད། འདི་གར་གྲོཊ་པོ་གསར་པ་མང་པོ་ངོ་ཤེས་བྱུང་ཞེས་བཤད།
སྡེ་ཁུལ་སྒྱུར་བཀོད་རིམ་སྤོར་གྱི་ལོ་གསུམ་གྱི་འཆར་གཞི་ལག་བསྟར་བྱས་ཚུན། ཚེས་གསུམ་ཐང་སྡེ་ཁུལ་གྱིས་ལྗོངས་ཕྱིའི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ནས། བར་མཐོངས་ནུས་པ་མཉམ་འདུས་ཅན་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། སྔར་ཡོད་ཀྱི་གཞུང་ལས་ཁུལ་གྱི་འགལ་རྐྱེན་གཏོར་ནས། བར་མཐོངས་ཕྱི་ཕྱོགས་ལ་སྒོ་འབྱེད་དང་བྱེད་ནུས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་བ་བརྒྱུད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社