ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།རྨང་གཞི་བརྟན་དུ་བཏང་ནས་ཉམས་འགྱུར་བཟང་པོ་མངོན།
འགྲན་བསྡུར་ལ་བརྟེན་ནས་འཇོན་ཐང་ངོམས་ཞེས་པ་གཙོ་དོན་དུ་བྱས་པའི་ཁྲེང་ཀོན་ཆུས་ཀྱི་སྐབས་གཉིས་པའི་སྡེ་ཁུལ་གྱི་ལས་དོན་པའི་ལས་སྒོའི་འཇོན་ཐང་འགྲན་བསྡུར་ཆེན་མོའི་ཆུས་རིམ་པའི་མཐའ་བསྡུར་སྤེལ་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་འགྲན་བསྡུར་དུམ་བུ་ཞིག་གི་ཕྱིར་དྲན་བརྙན་ལམ་ལས་དྲག་རྩལ་འགྲན་བསྡུར་ཆེན་མོའི་ངོ་མཚར་ཆེ་བའི་སྐད་ཅིག་མ་དེ་གསོན་ཉམས་དོད་པོས་སླར་ཡང་མངོན་པ་དང་ཕུལ་བྱུང་གི་དྲིལ་བསྒྲགས་པར་གཞི་དུས་གཅིག་ཏུ་བསྟན་ནས་སྡེ་ཁུལ་གྱི་ལས་དོན་པའི་དངོས་སྒྲུབ་ཀྱི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་ཡོད།ཡུལ་དངོས་སུ་ད་དུང་ལས་དོན་གྱི་ཉམས་མྱོང་མཉམ་སྤྱོད་བཀོད་སྒྲིག་བྱས་ཡོད་ཅིང་།དེའི་ནང་ལས་མིའི་གླ་ཕོགས་ཀྱི་རྩོད་གཞི་འདུམ་འགྲིག་བྱ་ཐབས་གསུམ་དང་།གསར་གཏོད་ཞབས་ཞུའི་ནུས་པར་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ལེའུ་གསར་པ་མུ་མཐུད་ནས་རྩོམ་པ།དྲ་མིག་གི་འཆར་འགོད་རི་མོ་སོགས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་འདྲ་བཟོ་བྱེད་ཆོག་པའི་བྱ་ཐབས་ཡག་པོ་དང་ཉམས་མྱོང་ཡག་པོ་ཁག་གཅིག་ཚུད་ཡོད། ད་ཐེངས་ཀྱི་མཐའ་བསྡུར་ནང་བརྙན་ཐུང་འགྲེམས་སྟོན་དང་། དྲ་ཕྱིའི་ཤེས་བྱའི་འགྲན་བསྡུར། ལག་བྲིས་དྲ་མིག་གི་འཆར་འགོད་རི་མོའི་འགྲན་བསྡུར། ལས་ཀའི་ཐབས་མཁས་འཁྲབ་སྟོན་བཅས་དཔྱད་ཞིབ་ཀྱི་དཔེ་དབྱིབས་ཆེན་པོ་བཞི་བཀོད་སྒྲིག་བྱས་པ་དང་ཆེད་ལས་དཔྱད་ཞིབ་ཚོཊ་པས་ཕྱོཊ་བསྡུས་དཔྱད་འདེམས་བྱས་པ་བརྒྱུད།མཐར་བྱ་དགའ་སྣ་ཚོཊ་བདམས་པ་དང་འབྲེལ་ཡུལ་དངོས་སུ་ཡོངས་བསྒྲཊ་བྱས་པ་རེད།
ཞུས་ཧའེ་ཡིས་རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པས་མང་ཙམ་སྐྱོད་པ་དང་། མང་ཙམ་ཉན་པ། མང་ཙམ་ཟིན་ཐོ་འགོད་པ། མང་ཙམ་སྦྱོང་བ།མང་ཙམ་མཉམ་འདྲེས་བཅས་ཀྱི་ལས་ཀའི་བྱ་ཐབས་ལག་ལེན་བསྟར་ནས་དྲ་མིག་ཅན་གྱི་དོ་དམ་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པ་དང་། མང་ཚོགས་ཀྱི་རེ་འབོད་ཉན་པ།གྲོས་བསྡུར་ལས་སྟེགས་སྣ་ཚོགས་སྤྱོད་མཁས་པ། མཉམ་འགུལ་སྣ་མང་གི་བྱེད་པོ་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པ་བཅས་བྱས་ཏེ་འགག་རྩའི་དོན་ཆུང་བཅུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社