分享按钮

(པར་ངོས་དང་པོར་མཐུད)ང་ཚོས་གོ་ཐུབ་པའི་སྐད་ཆ་དང་ཉེ་འགྲམ་གྱི་དཔེ་མཚོན་ལ་བརྟེན་ནས་སྒྲོག་འགྲེལ་གནང་གི་ཡོད་པས། ངས་ཏང་གི་སྲིད་ཇུས་བཟང་པོ་དེ་འཚོ་བའི་ཕྱོགས་གང་ས་ཅི་ཐད་ནས་མངོན་གྱི་ཡོད་པ་གཞི་ནས་ཤེས་བྱུང་ཞེས་བཤད། འདམ་གཞུང་རྫོང་ལ་འཛམ་གླིང་རིམ་པའི་རང་བྱུང་གི་མཛེས་ལྗོངས་གནམ་མཚོ་དང་དེ་བཞིན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འདམ་སྤྱི་རིམ་གྱི་རྟ་རྒྱུག་འགྲན་ཚོགས་ཀྱང་ཡོད། ལེགས་ཆ་དེར་བརྟེན་ནས་གོང་རིམ་གྱི་ནུས་ཤུགས་ཡོད་རྒུའི་རྒྱབ་སྐྱོར་འོག འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུས་སྡེ་ཚན་ཁག་དང་མཉམ་དུ་བྱེད་སྒོའི་ཇུས་འགོད་གསར་གཏོད་དང་། རིག་གནས་ཀྱི་གྲགས་ཅན་མི་སྣ་དང་བགྲོ་གླེང་བྱེད་པ། སྨྱན་སྦྱོར་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་པ་བཅས་བྱས་ཏེ། གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་དང་འདམ་སྤྱི་རིམ་གྱི་རྟ་རྒྱུག་འགྲན་ཚོགས་སོགས་རིག་གནས་ཡུལ་སྐོར་གྲགས་རྟགས་གྲུབ་འབྲས་ཐོབ་པའི་ངང་ཁྱབ་གདལ་དུ་བཏང་བས། འདམ་གཞུང་རྫོང་གི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད།

ཧྲའན་ཤིས་ཤིས་ཨན་ནས་ཡོང་བའི་ཡུལ་སྐོར་བ་མཁྱེན་ལྡན་མ་ལི་ལགས་ཀྱིས་གནམ་མཚོའི་མཛེས་ལྗོངས་ལ་བསྔགས་བརྗོད་ཟམ་མི་ཆད་པར་གནང་གི་ཡོད། ཁོང་གིས་འབྲེལ་ལམ་སྨྱན་སྦྱོར་ཐོག་གནམ་མཚོའི་བརྗིད་ཆགས་ཡིད་དུ་འོང་བའི་རྣམ་པ་མཐོང་སྐབས། ངའི་ཡིད་དབང་དབང་མེད་དུ་འཕྲོག་ནས་འདི་གར་ཡུལ་སྐོར་དུ་ཡོང་བ་ཡིན། འདི་གར་མཛེས་ལྗོངས་ལ་མྱོང་རོལ་ཐུབ་པར་མ་ཟད། ད་དུང་རྟ་རྒྱུག་རིག་གནས་ལ་ཡང་མྱོང་རོལ་བྱེད་ཆོག་གི་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་པ་འདིས་ང་ཚོར་མིག་ཡིད་ཀྱི་དགའ་སྟོན་ཞིག་བཤམས་པར་མ་ཟད་མཐོང་རྒྱ་ཡང་ཆེ་རུ་ཕྱིན་སོང་ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་གནམ་མཚོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་41.6ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་6846.9བྱུང་ནས། རིག་གནས་ཀྱི་འཇམ་ཤུགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་རྒྱུན་མཐུད་ངང་འགྱུར་བཞིན་ཡོད།

བསམ་པའི་དཔལ་ཡོན་འཛུགས་གཏོད་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད། ཕྱོགས་གཅིག་ནས་འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུས“རིག་རྩལ་+དྲིལ་བསྒྲགས་+N”བཅས་ཀྱི་རྣམ་པ་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། རིམ་ཁག་སྒྱུ་རྩལ་ཚོགས་པ(ཚོགས་པ)སྒྲིག་འཛུགས་ཀྱིས་རིག་གནས་ཀྱི་གཤམ་སྤེལ་བཞིའི་སྐོར་སྐྱོད་འཁྲབ་སྟོན་བྱས་པ་བརྒྱུད། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་མོས་སེམས་ཆེ་རུ་བཏང་ཡོད། ཕྱོགས་གཞན་ཞིག་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་ས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས། ང་ཚོའི་དུས་ཆེན་དང་འདམ་སྤྱི་རིམ་རྟ་རྒྱུག་འགྲན་ཚོགས་སོགས་ཁྱད་ལྡན་བྱེད་སྒོ་མཉམ་འདྲེས་བྱས་ཏེ། ཀུན་སྤྱོད་དང་། ཁྲིམས་སྐྱོང་། ཤེས་དཔལ་བཅས་ལྡན་པའི་ཁྱིམ་ཚང་སོགས་གཙོ་དོན་དྲིལ་བསྒྲགས་བྱས་ནས། མང་ཚོགས་ལ་གཙོ་རྒྱུན་རིན་ཐང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། གཞན་ཡང་། ཞིབ་ཚགས་ངང་བཟོས་པའི《ལོ་ངོ་60ཡི་རྗེས་ཤུལ། ང་ཡི་འདམ་གཞུང》ཞེས་པའི་ཆེད་དོན་པར་གཞི་ལས་རྩ་ཆེ་བའི་འདྲ་པར་རྙིང་པ་ཆིག་སྟོང་ལྷག་ཙམ་བརྒྱུད་དེ། རྩྭ་ཐང་གི་འཕོ་འགྱུར་གསོན་ཉམས་དོད་པོས་མངོན་པ་དང་། ཁྱིམ་གཞིས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད།

སྦྲ་གུར་མདུན་གྱི་སྒྲོག་འགྲེལ་ནས་དྲ་ཐོག་དང་དྲ་ཕྱིའི་ཕྱོགས་བསྡུས་སྒྲོག་འགྲེལ་བར་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྟ་རྒྱུག་འགྲན་བསྡུར་ནས་ཤེས་དཔལ་གྱི་དར་སྲོལ་གསར་པའི་བར། ལོ་རྒྱུས་ཀྱི་དྲན་ཤེས་ཟབ་མོའི་ཕྱིར་དྲན་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་གཅིག་སྒྲིལ་བར་བཅས་འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་དེ་སྦྲེལ་ཟམ་དང་། སྦྲེལ་ཐག སྒུལ་ཤུགས་བཅས་ཡིན་པ་ར་སྤྲོད་བྱས་ཡོད།

འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཐང་ཤུན་གྱིས་རྒྱལ་ཡོངས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་དེར་དོན་སྙིང་ཆེན་པོ་ལྡན་ཡོད། དེ་ནི་ང་ཚོའི་ལས་དོན་ལ་གདེང་འཇོག་བྱས་པ་ཞིག་ཡིན་པར་མ་ཟད།ཏང་ཀྲུང་དབྱང་དང་།རང་སྐྱོང་ལྗོངས་གྲོང་ཁྱེར་ཏང་ཨུད་བཅས་ཀྱིས་འདམ་གཞུང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་ཐུགས་ཁུར་དང་སྐུལ་ལྕག་བྱས་པ་ཞིག་ཀྱང་ཡིན། ང་ཚོས་དེ་གོ་སྐབས་སུ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ། གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་ལ་གཏིང་ཟབ་འཇགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་གྲགས་རྟགས་ཧུར་ཐག་བཏོད་དེ། ལྷད་མེད་འདམ་གཞུང་ཞེས་པའི་ས་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། རིག་གནས་བྱ་གཞག་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། འདམ་གཞུང་གིས་རྫོང་གསུམ་དང་། ས་ཁུལ་གཉིས། རྒྱབ་ཕྱོགས་གཅིག་ཅེས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཨུད་ཀྱི་ལས་དོན་ཁག་བརྒྱད་དང་འདུ་འགོད་ཆེན་པོ་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214908.html 1 /enpproperty-->