2025ལོའི་ཟླ་12ཚེས་20ཉིན། རྒྱལ་ཡོངས་ཀྱི་རིག་གནས་ཤེས་ལྡན་པའི་ལས་དོན་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། དེའི་ནང་འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུའུ་ལ་རྒྱལ་ཡོངས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུས་ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། གཞུང་འཁྱོངས་གསར་འབྱེད་དང་འགན་འཁྲི་ཏན་ཏིག་ཁུར་ཞིང་། བྱེད་སྒོ་སྣ་མང་ལ་བརྟེན་ནས་རིག་གནས་ཀྱི་དྲན་ཤེས་གཏོད་པ་དང་། བྱ་ཐབས་སྣ་མང་ལ་བརྟེན་ནས་མི་རིགས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། དགུང་སྔོན་དང་ཆེས་བར་ཐག་ཉེ་ཤོས་ཀྱི་ཞིང་ས་གཤིན་པོའི་ཐོག་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད།
འདམ་གཞུང་གི་ས་རྒྱ་ཆེ་ཞིང་འབྲོག་ཁུལ་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པས། རིགས་པའི་གཞུང་ལུགས་ཁྱབ་སྤེལ་གྱི་མཐའ་མའི་འགག་གནད་སེལ་ཆེད། འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུས་འབྲོག་ཁུལ་གྱི་སྐད་སྒྲ་ཞེས་པའི་སྒྲོག་འགྲེལ་ཚོགས་པ་ཞིག་བཙུགས་ཏེ། རྩྭ་ཐང་དང་སྦྲ་གུར་དུ་བསྐྱོད་དེ་འབྲོག་པས་རྒྱུས་མངའ་ཆེ་བའི་རྒྱུན་གཏན་གྱི་སྐད་ཆར་བརྟེན་ནས། ཏང་གི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱས་ཤིང་། ལོ་ཧྲིལ་པོར་སྲིད་ཇུས་སྒྲོག་འགྲེལ་ཐེངས་700ལྷག་ཙམ་བྱས་ཡོད། དེ་དང་ཆབས་ཅིག་འཇམ་དཔལ་བགྲོ་གླེང་གི་སྨྱན་སྦྱོར་གསར་པའི་ལེ་ཚན་དང་དྲ་རྒྱའི་ཐད་གཏོང་གི་གཞི་རིམ་སྒྲོག་འགྲེལ་པའི་འགྲན་བསྡུར་ཆེན་མོའི་ཐོག དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི་སྒྲོག་འགྲེལ་གྱི་དྲ་རྒྱ་བཙུགས་ནས། མི་ཐེངས་ཁྲི་2ལྷག་ཙམ་དྲ་ཐོག་ལ་ལྟ་རྒྱུའི་ཡིད་དབང་བཀུག་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་དུས་ཐོག་གི་ཆར་པ་བཞིན་འབྲོག་པ་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་གཤིན་པོར་ཡོངས་སུ་སིམ་ཡོད། ཆུ་ཚན་གྲོང་ཚོའི་གྲོང་མི་བསོད་རྡོར་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་སྒྲོག་འགྲེལ་ཚོགས་པ་ཁྱིམ་གྱི་སྒོ་འགྲམ་དུ་ཕེབས་ཏེ། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社