分享按钮

ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱིས་གཅེས་སེམས་བཅོལ་ཉར་ཁང་བཙུགས་ནས་ལས་བཟོ་བའི་སེམས་ཁྲལ་བསལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ལྗོངས་དང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དེ་བཞིན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱིས་དགུན་ཁའི་གུང་གསེང་གི་གཅེས་སེམས་བཅོལ་ཉར་་ཞབས་ཞུའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། བྱ་ཐབས་དེས་ལས་བཟོའི་ཁྱིམ་ཚང་གི་བུ་ཕྲུག་ལ་ལྟ་སྐྱོང་བྱེད་དཀའ་བ་དང་ཟུར་ཁྲིད་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་བ་དང་། བདེ་འཇགས་དང་བློས་འགེལ་ཆོག་པའི་བཅོལ་ཉར་ཞབས་ཞུ་མཁོ་འདོན་བྱས་པ་བརྒྱུད་ལས་བྱེད་པ་དང་ལས་བཟོ་ཚོས་བློ་གཅིག་སེམས་གཅིག་ངང་ལས་ཀ་བྱེད་ཐུབ་པ་བྱུང་ནས་སྲིད་དོན་ཞབས་ཞུ་དེ་ལས་སྒྲུབ་སྐར་ཁུང་ནས་འཚོ་བར་ལྟ་སྐྱོང་བར་གྱི་ཞབས་ཞུར་སྣུར་སྲིང་བྱས་ཡོད།

ཞོགས་པའི་གཅེས་ཉར་འཛིན་གྲྭའི་ནང་དུ་བྱིས་པ་ཚོ་གཅིག་རྗེས་གཉིས་མཐུད་དུ་འབྱོར་བ་དང་། དཀར་ཆ་དོད་པའི་ཟུར་ཁྲིད་ཁུལ་དུ་དགེ་རྒན་ཁ་ཤས་ཀྱིས་ཕྲུ་གུ་ཚོའི་དགུན་གསེང་གི་ཁྱིམ་སྦྱོང་ལ་ལྟ་བཞིན་འདུག དེ་རྗེས་ཕྲུ་གུའི་འགྲམ་དུ་བསྐྱོད་ནས་ཁོ་ཚོར་ཡི་གེ་འབྲི་སྟངས་སློབ་པ་དང་། ཨང་རྩིས་རྩིས་ཕྲེང་གི་གོ་རིམ་ནོར་བ་བཅོས་པ། ཡི་གེ་འབྲི་བའི་སྒྲ་དང་སྐད་ཤུགས་ཆུང་ངུས་དྲི་བར་ལན་རྒྱག་པ་ལས་དྲོ་སྐྱིད་ལྡན་པའི་སློབ་སྦྱོང་གི་རྣམ་པ་ཞིག་འགོག་མེད་དུ་མངོན་བཞིན་ཡོད།

སློབ་གསེང་གི་སྐབས་སུ་བྱེད་སྒོ་ཁང་ནས་གླུ་དབྱངས་སྙན་མོ་ཞིག་གྲཊ་ཤིང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214902.html 1 ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱིས་གཅེས་སེམས་བཅོལ་ཉར་ཁང་བཙུགས་ནས་ལས་བཟོ་བའི་སེམས་ཁྲལ་བསལ་བ། /enpproperty-->