分享按钮

ས་མཐོའི་ཞིང་ས་གཤིན་པོར་རྣམ་པ་གསར་པ་ཐོན། གྲོང་གསེབ་དར་རྒྱས་གཏོང་བའི་ལེའུ་གསར་པ་བརྩམས།

རང་གྲོང་གི་ལོ་ལྔ་ཚན་བཅུ་བཞི་པའི་ཚུན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་རྒྱུགས་ལན་གསར་པ།

ལོ་ལྔ་ཚན་བཅུ་བཞི་པའི་ཚུན་དུ། རང་གྲོང་གིས་དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་སྣོན་བརྒྱབ་སྟེ། འབྱུང་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་ལྷ་སའི་ས་གཞི་གཤིན་པོ་འདིར་རྩ་བ་ཚུགས་པ་དང་། ཚན་རྩལ་ལ་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་བཏང་བ། འཛུགས་སྐྲུན་ལ་བརྟེན་ནས་གྲོང་གསེབ་ཀྱི་རྣམ་པ་གསར་པར་བསྒྱུར་བ། འབབ་འཕར་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་ཞིང་ལས་སྤུས་འབྲས་མཐོ་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་མིའི་འཚོ་སྡོད་དང་འཚམ་པ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པས། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་དང་། འཕེལ་རྒྱས་དང་འབྱུང་ཁམས་གཉིས་ཕན་གྱི་རྣམ་པ་གསར་པ་གངས་ལྗོངས་ས་མཐོར་རིམ་བཞིན་ཐོན་ཡོད།

དགུན་དུས་མལ་གྲོའི་ལུང་གཞུང་དུ་གྲང་ངར་ཆེ་རུ་འགྲོ་བཞིན་ཡོད་མོད། འོན་ཀྱང་མལ་གྲོ་གུང་དཀར་རྫོང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་དྲོད་ཁང་སྟར་པའི་ནང་དྲོ་སོབ་སོབ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། དྲོད་ཁང་ཆེན་མོ་སྟར་པ་140གྲལ་སྟར་འགྲིག་པ་དང་། རིག་ནུས་མ་ལག་གིས་འོད་དང་། དྲོད།ཆུ། རླུང་བཅས་གནད་སྨིན་སྙོམས་སྒྲིག་བྱས་ཏེ། ལོ་ཏོག་ལ་དམིགས་ནས་སྐྱེ་འཚར་གྱི་ཁོར་ཡུག་ལེགས་པོ་བཏོད་ཡོད། དྲོད་ཁང་ནང་དམར་མདངས་བཀྲ་བའི་འབྲི་ཏ་ས་འཛིན་དང་། རབ་ཏུ་རྒྱས་པའི་ནན་ཀྭ་སོགས་ཀྱི་སྐྱེ་འཚར་དགའ་འོས་པ་ཞིག་ཡོད་པས་ལོ་ལེགས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད། དྲོད་ཁང་དཀྱིལ་གྱི་ཆུ་རྫིང་ནང་ཉ་གསོ་བར་ཆུ་མི་རྗེ་མི་དགོས་པ་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། རིན་ཆེན་ལྷ་མོ། རང་གྲོང་གི་ལོ་ལྔ་ཚན་བཅུ་བཞི་པའི་ཚུན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་རྒྱུགས་ལན་གསར་པ། 6 6 拉萨日报藏文 c214904.html 1 ས་མཐོའི་ཞིང་ས་གཤིན་པོར་རྣམ་པ་གསར་པ་ཐོན། གྲོང་གསེབ་དར་རྒྱས་གཏོང་བའི་ལེའུ་གསར་པ་བརྩམས། /enpproperty-->