(པར་ངོས་དང་པོར་མཐུད)འདི་ནས་ནང་མཁོའི་གཙོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཐཱན་གཉིས་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དཔེར་བཞག་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། གོ་བ་གཏིང་ཟབ་ལེན་ཐུབ་པ་དང་ཁོང་དུ་ཆུད་ཐུབ་པར་བྱ་རྒྱུ་ཡིན།
ཁྲོམ་ར་ནི་དེང་སྐབས་འཛམ་གླིང་ཐོག་དཀོན་ཤོས་ཀྱི་ཐོན་ཁུངས་ཤིག་ཡིན་པ་དང་། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་རྒྱབ་རྟེན་ཞིག་ཡིན། ཚོགས་འདུའི་ཐོག དུས་བབ་གསར་པའི་འོག་རང་རེའི་ཏང་གིས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་བྱེད་དགོས་པ་ལྔའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཕྱོགས་བསྡོམས་གནང་ཡོད་པ་དང་། དེའི་ཐོག་མ་ནི་ངེས་པར་དུ་དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་དགོས་ཞེས་པ་འདི་ཡིན། ཚོགས་འདུའི་ཐོག་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ནས་རྒྱལ་ནང་དུ་མཁོ་སྤྲོད་ཉུང་བ་དང་དགོས་མཁོ་ཆེ་བའི་འགལ་བ་མངོན་གསལ་དོད་པོ་ཡོད་པ་བསྟན་ཡོད། དེ་ནི་གནད་དོན་ལ་ངོས་འཛིན་གསལ་པོ་དང་གནད་དོན་ཁོང་དུ་ཡང་དག་ཆུད་པ་ཞིག་ཡིན། ཚོགས་འདུའི་ཐོག་ནང་མཁོའི་གཙོ་ཁྲིད་མཐའ་འཁྱོངས་བྱས་ནས་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་བསྐྲུན་རྒྱུ་དེ་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ཁག་8ཀྱི་ཨང་དང་པོར་བཞག་ཡོད། དེ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་རང་རྟོགས་ངང་སྤྱད་དེ་གནད་དོན་དངོས་ཐག་གཅོད་བྱེད་པ་དང་ཕྱི་ཕྱོགས་ཀྱི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན།
ཉེ་བའི་ལོ་ཤས་རིང་། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་དེར་སྟངས་འཛིན་ནན་པོ་བྱས་ཏེ། མི་མངོན་པའི་ནུས་པ་ལྡན་པའི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་དང་ཕན་འབྲས་ལྡན་པའི་མ་འཇོག་རྒྱ་ཆེར་བཏང་བས། རང་རྒྱལ་གྱི་ནང་མཁོའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་45.6ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.0འཕར་ཞིང་། ཞབས་ཞུའི་སིལ་ཚོང་བསྡོམས་འབོར་གྱི་འཕར་ཚད་དེ་ཚོང་ཟོག་སིལ་ཚོང་བསྡོམས་འབོར་ལས་མགྱོགས་པ་དང་། གྲངས་གཞིའི་འཛད་སྤྱོད་དང་། ལྗང་མདོག་འཛད་སྤྱོད། བདེ་ཐང་འཛད་སྤྱོད་བཅས་ཉིན་རེ་བཞིན་འཛད་སྤྱོད་ཀྱི་གླེང་མང་བའི་གནད་དོན་གསར་པར་གྱུར་ནས་འཛད་སྤྱོད་ཀྱི་སྣེ་ཁྲིད་དང་འདེགས་སྐྱོར་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
ཁྲོམ་རའི་ཐོན་ཁུངས་ནི་རང་རྒྱལ་གྱི་ལེགས་ཆ་ཆེན་པོ་ཞིག་ཡིན་པ་དང་། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་དེ་ཡིན་པས། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་ཡོད། དེ་ལས་མ་འཇོག་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་མཚོན་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་འབྲེལ་ཡོད་ཚོང་ཟོག་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.5ལྷག་ཙམ་ཟིན་ནས་མི་ཐེངས་དུང་ཕྱུར་3.6ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅིང་། དེའི་ནང་རླངས་འཁོར་རྙིང་ཚབ་གསར་བརྗེ་བྱེད་ཚད་ཁྲི་1120ལྷག་ཙམ་ཟིན་པ་དང་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ་བྱེད་ཚད་ཁྲི་12844ཟིན་ནས་མི་དུང་ཕྱུར་14ལྷག་ཙམ་ལས་གྲུབ་པའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཚད་མེད་ལྡན་པའི་ར་སྤྲོད་ནུས་ལྡན་ཐུབ་ཡོད།
ནང་མཁོ་རྒྱ་ཆེར་གཏོང་བ་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བའི་འགག་རྩའི་ཤུགས་རྒྱག་ས་ཞིག་ཡིན་པས་འཛད་སྤྱོད་ལ་སྤྱི་འདོམས་སྐུལ་འདེད་དང་མ་འཇོག་རྒྱ་ཆེར་བཏང་ནས་རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་ཡག་པོ་སྤྱོད་དགོས། འཛད་སྤྱོད་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པའི་གཏིང་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་པ། མ་འཇོག་ཆག་མཚམས་ཆད་ནས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་བརྗེས་ལ་སྐུལ་འདེད་གཏོང་བ། ནང་མཁོའི་མི་མངོན་པའི་ནུས་པ་སྔར་བས་སྐུལ་སྤེལ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ། རྒྱལ་ནང་གི་འཁོར་རྒྱུག་ཆེ་མོའི་ནང་གནས་སྒུལ་ཤུགས་དང་བློས་འགེལ་རང་བཞིན་ཆེ་རུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་ཁྲིད་བྱེད་པ་བཅས་བྱས་ནས་དཔལ་འབྱོར་བརྟན་ཞིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ལྗང་མདོག་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རང་མདངས་གསལ་པོ་ཞིག་ཡིན། ཚོགས་འདུའི་ཐོག་ཐཱན་གཉིས་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་ཡོད། དེའི་ཐོག་ནས་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱུན་སྲིང་ལྷོད་མེད་ངང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་འཇོག་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པའི་ཆོད་སེམས་བརྟན་པོ་དང་དངོས་སྒྲུབ་བྱ་སྤྱོད་མངོན་ཡོད།
ཉེ་བའི་ལོ་ཤས་རིང་། ཐཱན་གཉིས་ཀྱི་དམིགས་ཚད་ཀྱི་སྣེ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་མགྱོགས་ལམ་ཐོག་བསྐྱོད་ཡོད། རླུང་གློག་དང་ཉི་ནུས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡོམས་འབོར་གྱིས་2030ལོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་བའི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་བྱས་ཡོད། ཐོན་ལས་ཐཱན་ཉུང་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ནས་རྒྱལ་ཁབ་ཀྱི་ལྗང་མདོག་བཟོ་གྲྭ་6430དང་འབྱུང་འཕྲོད་བཟོ་ལས་གླིང་491སྐྱེད་སྲིང་ཐུབ་ནས་རྒྱལ་ཁབ་ཀྱི་ལྗང་མདོག་བཟོ་གྲྭའི་ཐོན་རྫས་རིན་ཐང་གིས་བཟུང་བའི་བསྡུར་ཚད་བརྒྱ་ཆ་20ལྷག་ཙམ་ཟིན་ཡོད། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་ཁྲོམ་ར་བསྐྲུན་ནས་རིམ་རྩིས་བྱས་ན་ཚོང་འགྲིག་ཚད་ཏུན་དུང་ཕྱུར་8ལས་བརྒལ་བ་དང་ཚོང་འགྲིག་ཚད་སྒོར་དུང་ཕྱུར་540ལས་བརྒལ་ཡོད། འབྱུང་འཕྲོད་འཁོར་རྒྱུག་ཐཱན་ཉུང་འཕེལ་རྒྱས་ཆེ་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་ལྗང་མདོག་གསར་གཏོད་ཀྱིས་རང་རྒྱལ་དང་འཛམ་གླིང་ལ་ཕན་པ་བསྐྲུན་ཡོད་ཅེས་གདེང་འཇོག་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐཱན་གཉིས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ནས་བརྟན་ཐོག་ཡར་འཕེལ་དང་རིམ་བཞིན་མངོན་འགྱུར་མཐའ་འཁྱོངས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། སང་ལོ་ནི་ནུས་རྒྱུ་ཟད་གྲོན་གྱི་ཚོད་འཛིན་གཉིས་དེ་ཐཱན་འབུད་ཚད་ཚོད་འཛིན་གཉིས་ལ་ཕྱོགས་ཡོངས་ནས་བསྒྱུར་བའི་ལོ་དང་པོ་དེ་ཡིན་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་བར་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། སྦགས་བཙོག་བཅོས་སྒྲིག འབྱུང་ཁམས་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ལ་སྤྱི་འདོམས་བྱས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ལྗང་རྒྱ་ཆེར་གཏོང་བ་དང་འཕར་བ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་སྒྱུར་བཀོད་ལ་དམ་འཛིན་ཡག་པོ་བྱས་ཏེ། 2030ལོའི་སྔོན་ལ་ཐཱན་རྩེར་སོན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།
ཐོན་སྐྱེད་ནུས་ཤུགས་གསར་མ་ནི་འབྱངུའཕྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་འབྱུང་འཕྲོད་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ། འབྱུང་འཕྲོད་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པ་བཅས་བྱེད་དགོས། སྐུལ་སློང་བྱེད་དགོས་པ་ནི་འབྱུང་འཕྲོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཡིན་པ་དང་། རྒྱ་སྐྱེད་གཏོང་དགོས་པ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་ཡིན། དེ་བཞིན་ཟབ་ཏུ་གཏོང་དགོས་པ་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩ་ཡིན།
མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ ཏང་ཀྲུང་དབྱང་གི་དགོངས་དོན་དང་བཀོད་སྒྲིག་ཁོང་དུ་ཏན་ཏིག་ཆུད་པ་དང་། གོ་བ་གཏིང་ཟབ་ལེན་པ། དོན་འཁྱོལ་ཡག་པོ་བྱེད་པ། དེ་བས་དགེ་མཚན་ལྡན་པའི་སྒོ་ནས་འགྲན་སློང་ལ་ཁ་གཏད་གཅོག་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བཅས་བྱས་ཚེ། ང་ཚོས་རང་འགུལ་ངང་དབང་ཆར་སྟངས་འཛིན་ནན་པོ་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་ངེས་རེད།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་འབྱོར་བའི་གློག་འཕྲིན)(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社