分享按钮

ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་ཡི་ལས་སྒྲུབ་སྙན་ཞུར་གསན་པ།

(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་འཐབ་ཇུས་འཆར་འགོད་བྱས་ཡོད་ཅིང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཤང་ཀང་བས་ཤང་ཀང་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་སྟོན་གནང་ཡོད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། སྲིད་འཛིན་གཙོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་པ་བཅས་བྱས་ཏེ་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་དེ་བས་ལེགས་པའི་ངང་མཉམ་འདྲེས་དང་ཞབས་འདེཊ་ཞུ་དགོས་ཞེས་བསྟན་གནང་ཡོད།

ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཀན་ཅེ། ཁྲེན་ཝུན་ཆིང་། ཞ་པའོ་ལུང་སོཊ་མཇལ་འཕྲད་ནང་ཞུཊ་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-18 6 6 拉萨日报藏文 c213917.html 1 ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་ཡི་ལས་སྒྲུབ་སྙན་ཞུར་གསན་པ། /enpproperty-->