分享按钮

རང་གྲོང་གི་ཁྲིམས་སྐྱོང་ཡིག་བསྐུར་ངོ་བཅར་གྱི་གཙོ་དོན་སྤྱི་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ།

(པར་ངོས་གཉིས་པར་མཐུད)པར་རིས་དང་ཡི་གེ་མཉམ་བཀོད་ཀྱི་ནང་དོན་ལ་བརྟེན་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ཀྱི་ཡིད་དབང་བཀུག་ཡོད། བྱེད་སྒོའི་ཁྲོད་ཁྲིམས་ལུགས་ཁྱབ་གདལ་དང་མཉམ་འགུལ་རྣམ་པའི་ཞབས་ཞུ་ཟུང་འབྲེལ་ཁྱད་ཆོས་སུ་བྱས་ཏེ། སྲིད་ཇུས་བློ་འདྲི་ཁུལ་དང་། གྱོད་དཔེ་གསལ་འགྲེལ་ཁུལ། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་གྱི་འགྲན་བསྡུར་ཁུལ། ཡིག་བསྐུར་ངོ་བཅར་གྱི་ལས་བྱེད་པ་དང་། ཆེད་ལས་ཁྲིམས་རྩོད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་པ་བཅས་ལས།གྲུབ་པའི་དྲིལ་བསྒྲགས་རུ་ཆུང་གིས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། ཡུལ་དངོས་སུ་ལན་བཏབ་ནས་དོགས་གནད་སེལ་བ། ཡིག་བསྐུར་ངོ་གཏུག་གི་བརྒྱུད་རིམ་ལད་ཟློས་སོགས་ཀྱི་རྣམ་པ་བརྒྱུད་དེ་ཡིག་བསྐུར་ངོ་བཅར་གྱི་དོན་དག་ཇི་ལྟར་བྱས་ནས་ཤོད་རྒྱུ་དང་། ངོ་བཅར་གྱི་འཐུས་མིའི་མི་གྲངས་ཚོད་འཛིན། བྱ་སྤྱོད་གང་དག་ཁྲིམས་དང་མི་མཐུན་པ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཐད་དཔེ་མཚོན་གྱི་གྱོད་གཞི་དང་ཟུང་འབྲེལ་བྱས་ནས་རེ་རེ་བཞིན་དུ་གསལ་འགྲེལ་བྱས་པ་དང་། གོ་སླ་བའི་སྐད་ཆས་སྲོལ་ཡིག་གི་དོན་ཚན་ལ་འགྲེལ་བཤད་བརྒྱབ་པ། མང་ཚོགས་ཀྱིས་དཔྱོད་ཤེས་ཀྱི་ཡིག་བསྐུར་ངོ་བཅར་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་ཡང་དག་པའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།

གྲོང་མི་ལྷ་དབང་བྱེད་སྒོའི་ནང་ཞུགས་རྗེས། ཁོང་གིས་ངའི་བསམ་པར་བྱེད་སྒོ་འདི་དོན་སྙིང་ལྡན་པ་ཞིག་ཡིན་པ་དང་འབྲེལ་ཡོད་ཤེས་བྱ་མི་ཉུང་བ་ཤེས་པ་དང་། ཕྱིས་སུ་རྩོད་གླེང་འཕྲད་སྐབས་ཇི་ལྟར་བྱས་ནས་ཐག་གཅོད་བྱེད་དགོས་མིན་ཤེས་བྱུང་། སྦྱངས་པའི་ཤེས་བྱ་ནང་མི་དང་གྲོགས་པོར་མཉམ་སྤྱོད་བྱས་ནས་མི་དེ་བས་མང་བས་ཁྲིམས་ལྟར་ཡིག་བསྐུར་ངོ་བཅར་གྱི་འབྲེལ་ཡོད་གཏན་འབེབས་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅང་ཡུས་ཞང་གིས་གཙོ་དོན་སྤྱི་གླིང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་བསྐྲུན་ནས་མང་ཚོགས་ཀྱིས་སྤྲོ་གསེང་ཁྲོད་ཡིག་བསྐུར་ངོ་བཅར་གྱི་བརྒྱུད་རིམ་གསལ་པོ་ཤེས་པ་དང་རེ་ཞུ་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སླད་ཕྱིན་མུ་མཐུད་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སྣ་ཚོགས་བྱས་ཏེ་དམངས་ཕན་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཡིག་བསྐུར་ངོ་བཅར་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་དང་ཁྲིམས་སྐྱོང་ལྷ་ས་འཛུགས་སྐྲུན་ལ་སྟོབས་ཤུགས་དེ་བས་མང་བ་བསྣན་རྒྱུ་ཡིན་ལ་གྲོང་མི་རྟག་ཏུ་སྤྱི་གླིང་དུ་བསྐྱོད་དེ་ཁྲིམས་སྐྱོང་ཡིག་བསྐུར་ངོ་བཅར་གྱི་རྣམ་པ་ཟབ་མོ་ཞིག་ཐུན་མོང་ཐོག་གཏོད་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-18 6 6 拉萨日报藏文 c213916.html 1 རང་གྲོང་གི་ཁྲིམས་སྐྱོང་ཡིག་བསྐུར་ངོ་བཅར་གྱི་གཙོ་དོན་སྤྱི་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། /enpproperty-->