ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ནས་ཚོགས་འདུའི་དགོངས་དོན་དང་བསམ་བློའི་སྙིང་བཅུད་དེ་འདྲི་གཅོད་ལག་བསྟར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ནས་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ་དང་། བྱ་སྤྱོད་མཐའ་གཅིག་ཏུ་སྤེལ་བས་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུཊ་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲིམས་འཛིན་གྱི་འགན་འཁྲི་མངོན་ཡོད།
གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲང་ཏ་ལིས་གསར་འགོད་པར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རེའི་ཏང་གིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ས་མཐོའི་ཁྲིམས་འཛིན་ལས་དོན་པ་ཞིག་ཡིན་པའི་ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བར་བྱས་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་རང་ངོས་ཀྱི་འགན་ནུས་ལ་གཞི་ཚུགས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མུ་མཐུད་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། འདྲི་གཅོད་རིགས་པའི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་བྱེད་པ། ཁྲིམས་འཛིན་དངོས་སྒྲུབ་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་བློ་གྲོས་དང་ལག་ལེན་གྱི་སྟོབས་ཤུཊ་དེ་བས་མང་བ་ལེཊ་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཐིང་གཉིས་པའི་ཐིང་ཀྲང་ཏོན་ཡུས་ལུང་གིས་ཉེས་དོན་འདྲི་གཅོད་ལས་དོན་ཁྲོད་དང་ལྷག་པར་དུ་ལས་ཐོག་གི་ཉེས་གསོག་ཞིབ་གཅོད་བྱེད་རིང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྩ་བའི་གཞི་འཛིན་སར་དེ་བས་བརྩིས་ནས་དེའི་ནང་དོན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་བྱས་ཏེ་སྔ་ཕྱི་བར་གསུམ་དུ་དེ་དང་བྱ་སྤྱོད་གཅིག་མཐུན་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད། སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཚོས་བསམ་བློ་སྔར་བས་གཅིག་གྱུར་དང་། ཁ་ཕྱོགས་གསལ་པོ། ངར་ཤུགས་འཕེལ་བ་བཅས་བྱུང་ཡོད། ཚང་མས་ངོས་འཛིན་གཅིག་མཐུན་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཀོད་པའི་ཁྲིམས་སྐྱོང་གི་འཆར་གཞིས་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་ཀྱིས་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཡོད། ཁྲིམས་སྐྱོང་འཛུགས་སྐྱོང་གི་འགག་རྩའི་དུས་མཚམས་སུ་ལངས་ནས་མི་དམངས་ཁྲིམས་ཁང་གི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་རང་འགན་གཞན་ལ་མི་དཀྲི་པར་ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་། སྙིང་བཅུད་ཁོང་དུ་ཆུད་པ། དོན་འཁྱོལ་ལ་ཕན་འབྲས་ཐོན་པ་བཅས་ཀྱི་ཐད་མུ་མཐུད་དེ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱེད་པ། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་གཏོད་པ་བཅས་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ཏེ་རྒྱང་ལམ་གསར་པའི་ཐོག་ཁྲིམས་འཛིན་གྱི་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པར་བྱ་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社