ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་15ཉིན། གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ཚན་པ་12དང་མཉམ་འབྲེལ་ཐོག་ཁྲེང་ཀོན་ཝ་ཏཱ་ཐང་ཆེན་ནུབ་ངོས་ཀྱི་ལྷ་ས་གྲོང་ཁྱེར་ཁྲིམས་སྐྱོང་ཡིག་བསྐུར་ངོ་བཅར་གྱི་གཙོ་དོན་སྤྱི་གླིང་དུ་ཏང་དར་འོག་ཡིག་བསྐུར་ངོ་བཅར་གྱི་ཐོག་མའི་བསམ་འདུན་སྲུང་བ་དང་ཁྲིམས་སྐྱོང་ཁྲོད་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་ལེན་བསྟར་ཞེས་པའི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ལྗོངས་ཡོངས་སུ་སློབ་གསོའི་རང་བཞིན་དང་། སྤྱན་གཟིགས་རང་བཞིན། ཉེར་སྤྱོད་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཡིག་བསྐུར་ངོ་བཅར་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་འཐབ་ས་དང་པོ་ཡིན་པའི་ངོས་ནས་གཙོ་དོན་སྤྱི་གླིང་དེ་བསྐྲུན་པ་དེས་ཁྲིམས་སྐྱོང་གི་རིག་གནས་དང་གྲོང་ཁྱེར་གྱི་སྤྲོ་གསེང་བར་མཐོངས་མཉམ་འདྲེས་ནུས་ལྡན་ཐུབ་ནས་ལྷ་སའི་ཡིག་བསྐུར་ངོ་བཅར་ལས་དོན་ལ་དྲིལ་བསྒྲགས་ཀྱི་སྐར་ཁུང་གསར་པ་དང་མང་ཚོགས་དང་འབྲེལ་གཏུགས་བྱེད་པའི་སྦྲེལ་ཐག་གསར་པ་ཞིག་བཏོད་ཡོད།
ལྷ་ས་གྲོང་ཁྱེར་གྱི་ཁྲིམས་སྐྱོང་ཡིག་བསྐུར་ངོ་བཅར་གྱི་གཙོ་དོན་སྤྱི་གླིང་བསྐྲུན་པ་ནི་ལྷ་ས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་ཡིག་བསྐུར་ངོ་བཅར་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་རེད། སྤྱི་གླིང་གིས་སྲོལ་རྒྱུན་གྱི་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་ཡུལ་དུས་ཀྱི་ཚོད་འཛིན་མེད་པར་བཟོས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས《ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྲོལ་ཡིག》སོགས་སྲིད་ཇུས་དང་ཁྲིམས་སྲོལ་བསྟན་པ་བརྒྱུད་དེ་མང་ཚོགས་ཚོས་སྤྲོ་གསེང་དང་འཆམ་འཆམ་ཁྲོད་ཡིག་བསྐུར་ངོ་བཅར་གྱི་ཐབས་ལམ་དང་རེ་ཞུ་བྱེད་སྟངས་ཐད་ཀར་ཤེས་རྟོགས་ཐུབ་པར་བྱས་ནས་ཁྲིམས་ལྟར་ལུགས་མཐུན་ངང་རེ་ཞུ་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ། དུས་བཀག་ལྟར་གཙོ་དོན་སྒྲོག་འགྲེལ་དང་ཤེས་བྱའི་དྲི་བ་དྲིས་ལན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། དོན་དག་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཚོན་ཁྲ་ཅན་གྱི་དྲིལ་བསྒྲགས་འགྲེམས་པང་དག་ཉི་འོད་འོག་དེ་བས་མངོན་གསལ་དོད་པ་དང་།《ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྲོལ་ཡིག》གི་ནང་དོན་གཙོ་བོ་དང་། དཔེ་མཚོན་ཡིག་བསྐུར་ངོ་བཅར་གྱི་གྱོད་དཔེ་གསལ་འགྲེལ། ཁྲིམས་ལྟར་ཡིག་བསྐུར་ངོ་བཅར་གྱི་བརྒྱུད་རིམ་མཚོན་བྱེད་རི་མོ་སོགས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社