ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་16ཉིན་གྱི་ཕྱི་དྲོ་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་ནས་ཁོང་གིས་ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་སྒྲུབ་སྙན་སེང་ཞུས་པར་གསན་གནང་ཡོད།
ཞི་ཅིན་ཕིང་གིས་ལོ་གཅིག་གི་རིང་། སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་འགན་འཁུར་ཕོད་པ་དང་ཡར་རྒྱས་བརྩོན་ལེན་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇཊ། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། ཤང་ཀང་གི་སྐབས་བརྒྱད་པའི་ཁྲིམས་འཛུཊ་ལྷན་ཚོཊ་ཀྱི་འདེམས་བསྐོ་ལེཊ་འགྲུབ་ལྡན་པའི་ངང་གཉེར་ཞིང་། དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་མངོན་འགྱུར་བྱུང་བ་དང་། ཤང་ཀང་འདི་ཉིད་བཅོས་སྐྱོང་ནས་དར་རྒྱས་ཀྱི་ཕྱོཊ་སུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེཊ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社