ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུཊ་མོལ་ཚོགས་འདུ་དེ་ཟླ་12ཚེས་15ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཐད་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།
ཚོགས་ཞུགས་མི་སྣ་དང་སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བརྩིས་ནས་བློ་བརྟན་འགྱུར་མེད་ངང་འགན་འཁུར་ཕོད་པ་དང་། འགན་འཁྲི་ནན་གྱིས་སྒྲུབ་པ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་ཉན་མཁན་གྱི་ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ལི་ཡིས་དགའ་སྤྲོའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཐད་ཚད་མཐོའི་མཐོང་ཆེན་གནང་བ་དང་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཐུགས་ཁུར་གནང་བའི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོའི་སླད་ཕྱིན་གྱི་ལས་ཀར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་བསྣན་ཡོད་ཅེས་བཤད།
ལི་ལི་ཡིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བླང་བྱ་གལ་ཆེན་གཞིར་བཟུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་། གསོ་སྐྱོང་ལྔ་མཉམ་འདྲེས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社