ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་15ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་ཐུག་འཕྲད་ཚོཊ་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཁོངས་མི་དང་གཞུང་ལས་ཁང་གི་རྫོང་རིམ་པའི་ལས་བྱེད་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོར་གསན་པ་དང་འབྲེལ་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོཊ་འདུའི་གྲ་སྒྲིག་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཚང་མས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམིགས་ནས་སོ་སོའི་ལྟ་ཚུལ་བརྗོད་པ་དང་གྲོས་བསྡུར་འཁྲུག་པོ་བྱས་པ་དང་འབྲེལ་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཚོགས་འདུའི་ཐོག་བསྟན་དོན། སྲིད་གཞུང་གིས་མི་དམངས་འཐུས་ཚོགས་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ནི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་འགན་འཁྲི་གལ་ཆེན་ཞིག་དང་སྲིད་གཞུང་གིས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་རྣམ་པ་གལ་ཆེན་ཞིག་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་འཆར་ཟིན་ཡག་པོ་བཀོད་པ་དེས་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་སྤྱི་ཚོགས་ཡོངས་ཀྱི“སྤྱིའི་བགོ་གྲངས་ཆེ་ཤོས”ཆགས་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད། ནན་གསུང་གནང་དོན། བསམ་ཕྱོགས་གསལ་བཟོ་དང་གཙོ་གནད་ལ་དམིགས་ཏེ་ཚན་ཁག་གི་ཁོངས་མིས་ལས་བགོས་འགན་གཉེར་སྡེ་ཚན་གྱི་སྤྱི་འདོམས་འཆར་འགོད་དང་། ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་ལས་དོན་ཁག་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社