དཔལ་འབྱོར་ལས་དོན་སྣེ་མང་རྙོག་འཛིང་ཆེ་བས། འགག་རྩར་དམ་འཛིན་བྱེད་ཐུབ་ཚེ། གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པ་ལྟར་གཙོ་གནད་ལ་བརྟེན་ནས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་ཐུབ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བའི་ཐད་དམིགས་ནས་མཐའ་འཁྱོངས་བརྒྱད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་བྱ་སྤྱོད་ཀྱི་ཁྲིད་སྟོན་དང་འབད་འཐབ་ཀྱི་ཁ་ཕྱོགས་ཁ་གསལ་བཟོས་ཡོད།
ནང་མཁོའི་གཙོ་ཁྲིད་མཐའ་འཁྱོངས་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་འགག་སྒྲོལ་མཐའ་འཁྱོངས། ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས། མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས། ཐཱན་གཉིས་ཀྱི་སྣེ་ཁྲིད་མཐའ་འཁྱོངས། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། མཐའ་ཚད་སྲུང་རྒྱུ་མཐའ་འཁྱོངས་བཅས་མཐའ་འཁྱོངས་བརྒྱད་དེ་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྱོང་དང་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པའི་བཀོད་སྒྲིག་ཅིག་ཡིན། དེས་གནད་དོན་རྙིང་པ་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ཡོད་ལ། འགྲན་སློང་གསར་པར་ཁ་གཏད་གཅོག་རྒྱུར་ཡང་མཐོང་ཆེན་བྱས་ཡོད། དེ་ལས་གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་མངོན་ཡོད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社