ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ལྷ་སར་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་གྱི་གྲུབ་འབྲས་དཔྱད་ཞིབ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ནང་ཁྱོན་ཡུལ་སྐོར་གྱི་ཐོན་ཁུངས་ཁྲི་5.8ལྷག་ཙམ་རྩད་ཆོད་པའི་ནང་གསར་དུ་ཤེས་རྟོགས་བྱུང་བ་དང་གསར་དུ་གཏན་འཁེལ་བྱས་པའི་ཐོན་ཁུངས་ཁྲི་3.1ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད།
དཔྱད་ཞིབ་ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་དང་། བོད་ལྗོངས་སློབ་ཆེན། སི་ཁྲོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་འབྱུང་ཁམས་ཡུལ་སྐོར་འཕེལ་རྒྱས་ལྟེ་གནས་སོགས་ཚན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་དང་ལག་རྩལ་ཚོགས་པའི་འཐུས་མི་ཁྱོན་50ལྷག་ཙམ་གྱིས་ཡོངས་བཤེར་ལས་དོན་སྤྱི་ཡོངས་ཀྱི་སྙན་སེང་དང“རྩ་བཞི་གཞི་གཅིག”གི་གྲུབ་འབྲས་རབ་དང་རིམ་པའི་ངོ་སྤྲོད་ཞིབ་ཕྲ་གསན་པ་དང་། འབྲེལ་ཡོད་བརྙན་པར་གྱི་དཔྱད་གཞིར་གཟིགས་པ་རེད། ཞིབ་བསྡུར་དང་འདྲི་རྩད་གཏིང་ཟབ་བྱས་པ་བརྒྱུད་ཚོགས་ཞུགས་རིགས་གཅིག་མཁས་ཅན་ཚོས་གྲུབ་འབྲས་དཔྱད་ཞིབ་ལ་མགྲིན་གཅིག་ཏུ་མོས་མཐུན་བྱས་པ་རེད།
ད་ཐེངས་ཀྱི་ཡོངས་བཤེར་ནི་བོད་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་དེ་བཞིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འགག་རྩའི་དུས་སྐབས་སུ་སྤེལ་བའི་བརྒྱུད་རིམ་རང་བཞིན་གྱི་རྨང་གཞིའི་ལས་དོན་ཞིག་རེད། 2023ལོའི་ཟླ་8པ་ནས་བཟུང་ལས་དོན་དེ་འགོ་བཙུགས་ཚུན། ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་གནས) རྫོང(ཆུས་དང་གྲོང་ཁྱེར)བཅས་རིམ་གསུམ་མཉམ་འགུལ་བྱེད་སྟངས་སྤྱད་པ་དང་། རིམ་རྩིས་བྱས་ན་རིམ་ཁག་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི་7600ལྷག་ཙམ་བཏང་བ། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社