(པར་ངོས་དང་པོར་མཐུད)ཏང་གི་ལས་དོན་སྒྲིག་གཞིས་ཏང་ཨུད་ཀྱི་ཇུས་འདོན་ལས་རོཊ་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།
ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིཊ་ནས། ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། རང་འགན་གཙང་སྒྲུབ་ཏན་ཏིག་བྱེད་པ།
ལྟེ་བའི་ལས་དོན་ལ་ཞབས་འདེགས་ནུས་ལྡན་ཞུ་བ་བཅས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེཊ་ཞུ་རྒྱུར་དམིཊ་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུར་དམིཊ་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ཀྱི་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པར་སྐུལ་འདེད་གཏོང་བ། རྡོག་རྩ་གཅིག་སྒྲིལ་གྱི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བཅས་བྱས་ཏེ། ཏང་ཨུད་ཀྱི་ཐབས་ཇུས་ལ་དེ་བས་ལེཊ་པའི་སྒོ་ནས་ཞབས་འདེཊ་ཞུ་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུཊ་དགོས་ཤིང་། གཟེར་འདེབས་ཀྱི་སྙིང་སྟོབས་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུཊ་གཏན་འགོག་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་ཤུཊ་ཆེ་རུ་གཏོང་དགོས་ཤིང་།ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་།མང་ཚོཊ་ཀྱི་འཕྲོལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ནས། གནས་ཚུལ་དངོས་ལ་རྟོག་ཞིབ་དང་དམངས་ཀྱི་རེ་འབོད་ལ་ཉན་ཏེ། བཏོན་པའི་བསམ་ཕྱོགས་དང་བྱ་ཐབས། ཐབས་ཇུས་དང་གྲོས་འགོར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པར་བྱས་ནས། དངོས་གཉེར་གོ་ཆོད་ཡོང་བར་བྱེད་དགོས། མཐའ་ཚད་འཛིན་སེམས་མཐའ་འཁྱོངས་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་དབྱེ་འབྱེད་བྱེད་པ། ཉེན་ཁ་སྔོན་དཔག་དང་སྔོན་བརྡ་གཏོང་བའི་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ནས། ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་འབྱོར་བའི་གློག་འཕྲིན)
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社