分享按钮

(པར་ངོས་གཉིས་པར་མཐུད)ད་དུང་ཆེད་མངགས་ང་ཚོ་མངགས་སྐྱེལ་བར་དྲོ་སྐྱིད་སྦྱིན་པའི་ཞབས་ཞུའི་ས་ཚིགས་བཙུགས་ཡོད་པས་ཧ་ཅང་དགའ་པོ་བྱུང་།ས་ཚིགས་སུ་གནོན་ཤུགས་ཆུང་དུ་གཏོང་བའི་དྲིལ་བསྒྲགས་ལག་དེབ་ཡོད་པར་མ་ཟད།ད་དུང་སྙིང་ཉེ་བའི་ལག་རྟགས་ཀྱང་ལེན་རྒྱུ་ཡོད་པས།ང་ཚོས་བྲེལ་བརྩོན་ཆེ་བའི་མངགས་སྐྱེལ་བྱེད་པའི་ལམ་བུའི་ཐོག་དངོས་དངོས་རྗེན་རྗེན་གྱི་ཐུགས་ཁུར་ཚོར་བྱུང་།དེ་ལྟ་བུའི་དྲོ་སྐྱིད་ལྡན་པའི་ཞབས་ཞུ་གསར་པ་མུ་མཐུད་དེ་རྒྱུན་འཁྱོངས་ཐུབ་རྒྱུའི་རེ་བ་ཡོད་ལ།དེ་གར་ལས་རིགས་གཅིག་པ་དེ་བས་མང་བར་དྲོ་སྐྱིད་དང་སྟོབས་ཤུགས་ཐོབ་ནས་ལས་གནས་ཐོག་གཏོགས་སེམས་དེ་བས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།

གཏམ་རྒྱུད་མཉམ་སྤྱོད་ཀྱི་ལྷུ་ཚིགས་ནང་།དང་བླངས་པའི་འཐུས་མི་ཚོས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་ཁྱིམ་མཚེས་ལ་དྲོ་སྐྱིད་སྦྱིན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྩེ་བ་ཟབ་མོས་བརྗོད་དེ།དང་བླངས་ཞབས་ཞུ་གཞི་རིམ་དུ་གཞི་ཚུགས་པའི་དྲོ་སྐྱིད་ལྡན་པའི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཡོད།

ད་ཐེངས་ཀྱི་12・5རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི་གཙོ་དོན་བྱེད་སྒོ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ།གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན་པས།དངོས་ཡོད་ཀྱི་དོན་སྙིང་ཟབ་མོ་དང་ཕུགས་ཀྱི་རིན་ཐང་ལྡན་ཡོད།སླད་ཕྱིན།སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་དང་བླངས་ཞབས་ཞུའི་ལས་དོན་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་སྟེ་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དང་།སྤུས་རྟགས་ཅན།ཆེད་ལས་ཅན།ཞིབ་ཚགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།དང་བླངས་ཀྱི་མེ་ཏོག་ཁོངས་གཏོགས་ཁུལ་གྱི་ཕྱོགས་གང་སར་བཞད་པར་བྱས་ཏེ།མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་གཞི་རིམ་བཅོས་སྐྱོང་རྣམ་པར་ཡུན་རིང་གི་སྒུལ་ཤུགས་སྣོན་རྒྱུ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213353.html 1 /enpproperty-->