分享按钮

རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དོ་དམ་ཅུས་ཀྱིས་ཡིག་ཆ་བཀྲམ་ནས་རྒྱུ་ནོར་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་སྐུལ་འདེད་བཏང་ནས་སྤྱི་རྫས་མཛོད་ཁང་གི་འདུ་ཤེས་ཟབ་ཏུ་བཏང་བ།

ཉེ་ཆར།རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དོ་དམ་ཅུས་ཀྱིས་མཉམ་འབྲེལ་ཐོག《ཀྲུང་དབྱང་སྲིད་འཛིན་བྱ་གཞག་ཚན་པའི་སྤྱི་རྫས་མཛོད་ཁང་གི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གཞུང་ཁོངས་རྒྱུ་ནོར་ཕན་སྒྱུར་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམས་བྱས་ཏེ།སྤྱི་རྫས་མཛོད་ཁང་དང་རྒྱུ་ནོར་གྱི་ཚེ་སྲོག་འཁོར་ཡུན་དོ་དམ་ལས་དོན་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པ་དང་།སྡེ་ཚན་ཁག་དང་ཚན་པ་ཁག་གིས་རྒྱུ་ནོར་འཇུག་སྒོ་ནས་ཕྱིར་གཏོང་བར་གྱི་བརྒྱུད་རིམ་ཧྲིལ་པོར་སྤྱི་རྫས་མཛོད་ཁང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱུ་ནོར་ཕན་སྒྱུར་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ཡོད།

བསམ་འཆར་ནང་ཕན་སྒྱུར་མཉམ་སྤྱོད་ཀྱི་བླང་བྱ་དོན་འཁྱོལ་དང་། རྟོག་བཟོའི་མཛོད་ཁང་དང་དངོས་ཚན་མཛོད་ཁང་ཡག་པོ་སྤྱོད་པ། ཕན་སྒྱུར་གྱི་ཐབས་ལམ་ཤར་གཏོང་། ཕན་སྒྱུར་བྱེད་སྟངས་གསར་གཏོད། ལས་ཀའི་རྨང་གཞི་བརྟན་གཏོང་། རྒྱུན་རྣམ་ཅན་གྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་ཁ་གསལ་བཏོན་ཡོད། བསམ་འཆར་ནང་ནན་བཤད་བྱས་དོན། རྒྱུ་ནོར་ལ་རྒྱུན་གཏན་གྱི་གཙང་བཤེར་རྩིས་བཤེར་ཡག་པོ་བྱེད་པ་དང་། རྒྱུ་ནོར་གྱི་གཞི་གྲངས་མཐིལ་རྟོགས་བྱེད་པ། རྒྱུ་ནོར་བེད་སྤྱོད་ཀྱི་གནས་ཚུལ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱེད་པ། རྒྱུ་ནོར་གྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པ། རྒྱུ་ནོར་གྱི་རྩིས་ཁྲ་གང་འགབ་ཅི་སྤྱོད་བྱེད་པ་དང་འབྲེལ་འགུལ་རྣམ་གསར་བརྗེས་བྱེད་པ་བཅས་བྱས་ནས་རྒྱུ་ནོར་གང་ལ་གང་འཚམ་མཉམ་སྤྱོད་བྱ་རྒྱུར་རྨང་གཞི་ཡག་པོ་འདིང་དགོས་པ་དང་། རྒྱུ་ནོར་བཀོད་སྒྲིག་མཉམ་འགུལ་བྱས་ཏེ་གསར་དུ་བསྣན་པའི་རྒྱུ་ནོར་སྣ་ཚོགས་བཀོད་སྒྲིག་གི་དགོས་མཁོ་ཁ་གསལ་བཟོ་དགོས་པ་དང་། དགོས་ངེས་རང་བཞིན་དང་བཀོད་སྒྲིག་བྱེད་སྟངས་ལ་ཞིབ་བཤེར་དང་བཀོད་སྒྲིག་ནན་པོ་བྱས་ཏེ། སྤྱི་རྫས་མཛོད་ཁང་གི་རྒྱུ་ནོར་སྔོན་ལ་འགན་སྲུང་བྱེད་དགོས་པ། རྒྱུ་ནོར་བེད་སྤྱོད་ཡག་པོ་བྱེད་པ་དང་། སྤྱོད་བཞིན་པའི་རྒྱུ་ནོར་དོ་དམ་ལེགས་སུ་གཏོང་བ། མཉམ་སྤྱོད་ཆོག་པའི་རྒྱུ་ནོར་སྤྱི་རྫས་མཛོད་ཁང་བརྒྱུད་མཉམ་སྤྱོད་ཧུར་ཐག་བྱེད་པ། དུས་ཚོད་ཐིམ་ཡང་སྔར་བཞིན་བེད་སྤྱོད་ཀྱི་རིན་ཐང་ལྡན་པའི་རྒྱུ་ནོར་མུ་མཐུད་ནས་བེད་སྤྱོད་གཏོང་བ་བཅས་བྱས་ནས་དངོས་ཤུགས་གང་ཡོད་སྤྱོད་དགོས་པ། རྒྱུ་ནོར་ཐག་གཅོད་སྦྲེལ་མཐུད་བྱེད་པར་ལག་རྩལ་གྱི་རྒྱུ་རྐྱེན་སོགས་ཀྱི་རྐྱེན་པས་ཐག་གཅོད་བྱེད་དགོས་པའི་ནན་བཤད་བྱས་མོད། འོན་ཀྱང་བེད་སྤྱོད་ཀྱི་རིན་ཐང་ལྡན་པའི་རྒྱུ་ནོར་སྤྱི་རྫས་མཛོད་ཁང་བརྒྱུད་སྤྱི་འདོམས་སྙོམས་སྒྲིག་དང་བེད་སྤྱོད་བྱེད་དགོས།

ཉེ་བའི་ལོ་ཤས་རིང་།རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་། ཀྲུང་དབྱང་ཐད་གཏོགས་ལས་དོན་དོ་དམ་ཅུས། རྒྱལ་ཡོངས་ཀྱི་རིམ་ཁག་ལས་ཁུངས་ལས་དོན་སྡེ་ཚན་བཅས་ཀྱིས་སྤྱི་རྫས་མཛོད་ཁང་གི་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ།བེད་མེད་རྒྱུ་ནོར་བེད་སྤྱོད་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། 2025ལོའི་ཟླ་10པའི་ཟླ་མཇུག་བར། སྤྱི་རྫས་མཛོད་ཁང་ལས་སྟེགས་ཀྱིས་རིམ་རྩིས་བྱས་ན་རྒྱུ་ནོར་ཁྲི་38.23གང་འགབ་ཅི་སྤྱོད་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་21.66གྲོན་ཆུང་བྱས་ཡོད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་འབྱོར་བའི་གློག་འཕྲིན)

​(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དོ་དམ་ཅུས་ཀྱིས་ཡིག་ཆ་བཀྲམ་ནས་རྒྱུ་ནོར་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་སྐུལ་འདེད་བཏང་ནས་སྤྱི་རྫས་མཛོད་ཁང་གི་འདུ་ཤེས་ཟབ་ཏུ་བཏང་བ། 6 6 拉萨日报藏文 c213355.html 1 /enpproperty-->