分享按钮

(པར་ངོས་དང་པོར་མཐུད)ང་ཚོར་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་བསྐྲུན་བྱུང་།ང་ཚོས་སྐར་མ་བསགས་པར་བརྟེན་ནས་སྐར་མ་དང་འཚོ་བར་མཁོ་བའི་དངོས་ཟོག་བརྗེ་ཐུབ་ཀྱི་ཡོད་ལ།རང་ཉིད་ཀྱིས་དངུལ་སྤྲོད་མི་དགོས་པས།བྱ་ཐབས་དེ་ནི་ཤིན་ཏུ་ལེགས་པོ་ཞིག་འདུག་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།གྲོང་མི་ཁྲོམ་གཞུང་གི་འབྱོར་ཐོ་གཉིས་འགོད་དང་ཞབས་ཞུ་གཉིས་ཀྱི་བྱེད་སྒོའི་ནང་ཞུགས་པའམ་ཡང་ན་འབྱུང་ཁམས་འཚོ་སྡོད་ལ་འཚམ་པ་དང་ཡུལ་སྲོལ་ཤེས་དཔལ་སོགས་རིགས་བཞིའི་སྡེ་ཁུལ་གྱི་ལས་དོན་ཁྲོད་རང་འགུལ་ངང་བྱས་རྗེས་འཇོག་པ་དང་སྐར་མ་རིམ་གསོག་བྱེད་ཆོག་པ་དང་སྐར་མ་གཅིག་ལ་སྒོར་0.5རི་བའི་དངོས་ཟོག་བརྗེ་ཆོག་ཅིང་།བརྗེ་སྟངས་དེ་དྲ་ཐོག་དང་དྲ་ཕྱིའི་རིགས་གཉིས་སུ་ཕྱེ་ཡོད།ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཤན་ཁ་སྡེ་ཁུལ་རྩ་འཛུགས་ཀྱི་ཨུ་ཡོན་ཕུར་བུ་བདེ་སྐྱིད་ཀྱིས།སྡེ་ཁུལ་གྱི་སྐར་ཟོག་བརྗེ་རེས་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་རྗེས།གྲོང་མི་སྡེ་ཁུལ་གྱི་ལས་དོན་ནང་ཞུགས་པའི་སྤྲོ་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་།གད་སྙིགས་རིགས་དབྱེ་དང་དང་བླངས་ཞབས་ཞུ་སོགས་ཀྱི་རྣམ་པའི་ཁྲོད་རང་འགུལ་ངང་ཞུགས་མཁན་མང་དུ་ཕྱིན་པ།བསགས་པའི་སྐར་མ་དང་དངོས་ཟོག་བརྗེ་རྒྱུ་ཡོད་པ་དེས་གྲོང་མིས་ལས་བྱས་པར་ཐོབ་ཆ་ལྡན་པས་ཁྱིམ་མཚེས་དབར་མཉམ་འགུལ་བྱེད་མང་དུ་ཕྱིན་པ།སྡེ་ཁུལ་གྱི་བདག་པོའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ།གཞི་རིམ་བཅོས་སྐྱོང་གི་གོང་བུ་འགྲིལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

སྐར་གསོག་ཆུང་ངུར་བརྟེན་ནས་བཅོས་སྐྱོང་ཆེན་པོ་བྱེད་ཐུབ་པ།ཚལ་གུང་ཐང་ཁྲོམ་གཞུང་གིས་སྐར་མ་གསོག་སྟངས་འདི་ལྟ་བུ་གསར་གཏོད་བྱས་པ་བརྒྱུད་གྲོང་མིའི་སྡེ་ཁུལ་གྱི་འགན་འཁྲི་དེ་མིག་མཐོང་ལག་ཟིན་གྱི་སྐར་མ་གསོག་པའི་དྲིན་ལན་དུ་བསྒྱུར་ནས་གྲོང་མིའི་དགོས་མཁོ་དངོས་སྐོང་ཐུབ་པར་མ་ཟད།གཞི་རིམ་བཅོས་སྐྱོང་གི་ནང་གནས་སྒུལ་ཤུགས་དེ་བས་འཕེལ་བར་བྱས་ཡོད།སླད་ཕྱིན།ཚལ་གུང་ཐང་ཁྲོམ་གཞུང་གིས་སྐར་གསོག་གི་ཞིབ་སྲོལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་།བེད་སྤྱོད་ཀྱི་རྣམ་པ་རྒྱ་ཆེར་བཏང་ནས་སྐར་ཟོག་བརྗེ་བའི་ས་ཚིགས་དེ་དམངས་སེམས་གཅིག་སྒྲིལ་དང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཏེ་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་བཅོས་སྐྱོང་རྣམ་པ་གསར་པ་གངས་ལྗོངས་ས་མཐོར་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213352.html 1 /enpproperty-->