分享按钮

ལྗོངས་ཡོངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དང་བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་དུས།2025ལོའི་ལྗོངས་ཡོངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དང་བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་ཀྲོའུ་ཅིའི་གསོལ་མགྲོན་ཁང་དུ་གཉེར་ཞིང་།ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7དང་རང་ལྗོངས་ཀྱི་ཀྲུང་དབྱང་ཐད་གཏོགས་བཅའ་ཁྲིམས་ཁྱབ་གདལ་འགན་འཁྲིའི་ཚན་པ་20ལྷག་ཙམ་མཉམ་དུ་འཛོམས་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།དམངས་འཚོར་འགན་ལེན།བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐོབ་པའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

བྱེད་སྒོ་སྤེལ་བའི་ཉིན་དེར།ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་དེའི་ནང་ཧུར་ཐག་ཞུགས་པ་རེད།ཅུས་དེས་འགྲེམས་སྟོན་ས་ཚིགས་ཞིབ་ཚགས་བསྐྲུན་ནས།ལྷ་ས་གྲོང་ཁྱེར་གྱི་བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་གཙོ་བོ་དང་གསར་གཏོད་ལག་ལེན་གྱི་ངོ་མཚར་ཚོགས་ཞུགས་འགོ་ཁྲིད་དང་རྒྱ་ཆེའི་མང་ཚོགས་ལ་བསྟན་པས།ཚང་མའི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད། ཡུལ་དངོས་སུ་སྒྲོལ་མའི་ཁྲིམས་ལུགས་ཁྱབ་གདལ་ཐད་གཏོང་ཁང་དངོས་སུ་གཏོང་འགོ་ཚུགས་པ་དང་། ཁྲིམས་རྩོད་པས་འཁྱུག་ཙམ་ཞིག་ལ་རང་ཉིད་བྱམས་བརྩེའི་ངང་ཐད་གཏོང་བ་ཞིག་ཏུ་བསྒྱུར་ཏེ།གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་བཅའ་ཁྲིམས་དང་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ཡུལ་དངོས་སུ་ཕན་ཚུན་སྤེལ་རེས་དང་དོགས་གཞིར་ལན་ཡང་བརྒྱབ་པ་རེད།

བོད་ལྗོངས་ཧྥང་ནུའོ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་ཝུའེ་ཡུས་ཤིས།དེ་རིང་ནི་ཟླ་12ཚེས་4ཉིན་ཡིན་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོའང་ཡིན།ངས་གཙོ་བོ་ཚང་མར་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་ནང་དོན་ཁག་གཅིག་ལ་འགྲེལ་བཤད་རྒྱག་རྒྱུ་ཡིན།དེའི་ནང་སྤྱི་དམངས་ལ་དབང་བའི་ཁེ་དབང་དང་འོས་འགན་ཚུད་ཡོད་པས།ཚང་མས་རྩ་ཁྲིམས་སྔར་བས་ཤེས་རྟོགས་ཐུབ་ནས་འཚོ་བའི་ཁྲོད་བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།

ལྷ་སའི་འགག་སྒོ་ཡང་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ནས་སྤྱི་ཚོགས་ལ་འགག་སྒོའི་ལོ་ལྔའི་རིང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།དམངས་འཚོའི་ཁེ་དབང་འགན་ལེན་བྱེད་པ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།ལྷ་སའི་འགག་སྒོའི་ཁྲིམས་སྲོལ་ཁྲུའི་རིམ་གསུམ་ཀྲུའུ་རེན་ཁོའོ་ཡོན་སུའུ་ཧུང་ཧྥེ་ཡིས།ང་ཚོས་བོད་ཀྱི་འགག་སྒོ་ཁག་ཏུ་དུས་རབས་གསར་པའི་འགག་སྒོའི་ཧྥེང་ཆའོ་ཡི་ཉམས་མྱོང་གི་དངོས་ཚན་ལས་དོན་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་།ཁྲིམས་ལུགས་ཁྱབ་གདལ་གྱི་སྣེ་ཁྲིད་པའི་ལས་ཀའི་ལམ་སྲོལ་བཙུགས་པས།བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་འགག་སྒོའི་ཁོངས་གཏོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་དཔེ་སྟོན་བྱས་རྗེས་ལ་བདམས་པ་དེའི་ཐོག་ནས།ལྷ་སའི་འགག་སྒོའི་མཐོ་གསུམ་སྔོན་གཅིག་འཛུགས་སྐྲུན་དམིགས་ཚད་ཀྱི་སྣེ་ཁྲིད་འོག་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་ཐོབ་པའི་ཕན་འབྲས་གསར་པ་གང་ལེགས་མངོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལག་བསྟར་བྱས་ཚུན།ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས།དམངས་ཆེད་ཁྲིམས་ལུགས་ཁྱབ་གདལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ཆོས་ལྡན་ལ་ཕན་འབྲས་མངོན་གསལ་དོད་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཤིང་།སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།མ་ལག་རང་བཞིན་དང་གནད་སྨིན་ཅན་གྱི་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་བརྒྱུད།ལྷ་ས་གྲོང་ཁྱེར་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་དངོས་ཕན་རང་བཞིན་ཆེས་ཆེར་ཆེ་རུ་ཕྱིན་པ་དང་།སྤྱི་དམངས་ཀྱིས་རང་རྟོགས་ངང་ཁྲིམས་སྲུང་བ་དང་དོན་དག་འཕྲད་སྐབས་ཁྲིམས་འཚོལ་བའི་འདུ་ཤེས་ཉིན་བཞིན་ཟབ་ཏུ་ཕྱིན་པ།བྱ་བ་སྒྲུབ་སྐབས་ཁྲིམས་ལྟར་སྒྲུབ་པ།དོན་དག་འཕྲད་སྐབས་ཁྲིམས་ལ་བརྟེན་པ།གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ།འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ཁོར་ཡུག་ཅིག་ཆགས་ནས།སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213349.html 1 ལྗོངས་ཡོངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དང་བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་གཉེར་བ། /enpproperty-->