分享按钮

ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་ཏང་གི་ཉིན་མོའི་གཙོ་དོན་བྱེད་སྒོ་སྤེལ་བ།

​རི་འགོག་དམག་འཁྲུག་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དཔའ་མཛངས་རྟུལ་ཕོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཀྲི་པུས་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ཚོགས་ཁང་ཆེན་མོའི་ས་གནས་རྙིང་པར་བསྐྱོད་དེ། རི་འགོག་དམག་འཁྲུག་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། འཛམ་གླིང་ལ་འགྱུར་ལྡོག་གཏོང་བའི་དམག་འཁྲུག་སྟེ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་མཐོང་ཚོར་འོག་གི་ཀྲུང་གོའི་རི་འགོག་དམག་འཁྲུག་གི་ཆེད་དོན་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་ཡོད་པ་རེད།

ད་ཐེངས་ཀྱི་འགྲེམས་སྟོན་ཐོག་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་མེ་མདའ་དང་པོ་རྒྱག་པ་དང་། ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་གཏོད་པ། འཛམ་གླིང་ལ་ཡན་ཨན་གྱི་སྐད་སྒྲ་ཐོས་ཐུབ་པར་བྱེད་པ། རླབས་ཆེན་གྱི་རྒྱལ་ཁ་བཅས་ཚན་པ་བཞིར་བརྟེན་ནས། རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་600ལྷག་ཙམ་འགྲེམས་སྟོན་བྱས་ཏེ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོ་ཡིན་པའི་ཀྲུང་གོའི་རི་འགོག་དམག་འཁྲུག་གི་འགག་རྩའི་གནས་བབ་གསོན་ཉམས་དོད་པོས་མངོན་པ་དང་། རི་འགོག་དམག་འཁྲུག་ནང་གི་ཀྲུང་གོ་གུང་ཁྲན་ཏང་གི་གཞོམ་མེད་བྲག་རི་ལྟ་བུའི་ནུས་པ་དང་།དེ་བཞིན་ཀྲུང་ཧྭའི་བུ་ཕྲུག་གིས་ཁྲག་བཏོན་དམར་འཛིང་བྱས་པའི་བརྗིད་ཆེའི་ལོ་རྒྱུས་ཀྱི་ལམ་བུ་མངོན་ཡོད། འགྲེལ་བཤད་པའི་ཁྲིད་སྟོན་འོག ཏང་ཡོན་ལས་བྱེད་པ་ཚོས་ལོ་རྒྱུས་ཀྱི་གཟུགས་བརྙན་རེ་རེར་ལྟ་བཞིན་དུ་གསར་བརྗེའི་སྔོན་བྱོན་པ་ཚོའི་རྒྱལ་གཅེས་བརྩེ་སེམས་དང་རང་སྲོག་བློས་གཏོང་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཤེས་རྟོགས་གཏིང་ཟབ་བྱས་ཡོད་པ་རེད།

ལྟ་སྐོར་མཇུག་འགྲིལ་རྗེས། ཚང་མས་ད་ཐེངས་ཀྱི་བྱེད་སྒོ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་བསམ་པའི་ཉམས་སད་གཏིང་ཟབ་ཅིག་ཡིན་པས། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཁྲོད་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ཁུར་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁྲེང་ཀོན་ཆུས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 ​རི་འགོག་དམག་འཁྲུག་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་པ། 6 6 拉萨日报藏文 c213348.html 1 ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་ཏང་གི་ཉིན་མོའི་གཙོ་དོན་བྱེད་སྒོ་སྤེལ་བ། /enpproperty-->