ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་གི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་འོས་སྦྱོར་འདུ་ཚོགས་ཁྲེང་ཀོན་ཆུས་ཝན་ཏ་ཐང་ཆེན་དུ་འཚོགས་པ་རེད།
ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་ཀྱི་ལྟེ་བ་ཡིན་པའི་ཡུལ་ཤུལ་གྱི་འབྲི་གཡག་ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱིས་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་པ་དང་། ཚགས་ཤ་དང་མར་སོགས་འབྲོག་ལས་ཐོན་རྫས་སྣ་ཁ་16དང་། གངས་རིའི་ཀོག་ཧྥེ། སྤྲི་དཀར་མང་བའི་འོ་རྩམ་སོགས་དཀར་ཆུའི་ཐོན་རྫས་སྣ་ཁ་12 དེ་བཞིན་ཀོ་བའི་རི་མོ་སོགས་རིག་གནས་གསར་གཏོད་ཐོན་རྫས་སྣ་ཁ་136གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས།ལྷ་སའི་གྲོང་མིས་འབྲི་ཆུའི་ཆུ་འགོའི་འབྱུང་ཁམས་བཟང་བའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པར་བྱས་ཡོད།
འོས་སྦྱོར་འདུ་ཚོགས་ཐོག ཁེ་ལས་12ཀྱིས་ཡུལ་དངོས་སུ་མཉམ་ལས་ཀྱི་གྲོས་མཐུན་བཞག་པས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། འབྲི་ཆུའི་ཆུ་འགོ་ནས་ལྷ་སའི་ཁྲོམ་གཞུང་བར་དུ་འབྲི་སྟོད་ཀྱི་ཞིང་འབྲོག་ཐོན་རྫས་ཀྱིས་འབྱུང་ཁམས་ཀྱི་དྭངས་གཙང་དང་འབྲོག་པའི་ལྷག་བསམ་ལ་བརྟེན་ནས། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ས་གནས་གཉིས་པོའི་མཛའ་གྲོགས་ཟབ་ཏུ་བཏང་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社