分享按钮

མལ་གྲོ་གུང་དཀར་རྫོང་གི་སློབ་ཆུང་5ལ་སྒོར་ཁྲི་100ལྷག་ཙམ་རི་བའི་གྲང་འགོག་དངོས་ཟོག་སྤྲད་པ།

(པར་ངོས་དང་པོར་མཐུད)མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་བློ་བཟང་བསྟན་འཛིན་གྱིས་ད་ཆ་དངོས་ཟོག་ལྷག་མ་ཁག་གཅིག་ཡོད་པས་ངས་དེ་དག་རྫོང་དང་ཆུས་གཞན་གྱི་ཕྲུ་གུ་ཚོར་ཞལ་འདེབས་རྒྱག་རྩིས་ཡོད། ཞལ་འདེབས་ཀྱི་དངོས་ཟོག་བརྩོན་ལེན་བྱ་ཐུབ་ཚེ། ངས་རང་ཉིད་ཀྱི་ནུས་ཤུགས་བཏོན་ནས་དྲོ་སྐྱིད་དེ་དགོས་མཁོ་ཆེ་བའི་མི་དེ་བས་མང་བར་བརྒྱུད་སྤྲོད་བྱ་རྒྱུ་དང་། ལྷག་པར་དུ་ཀྲུང་གོ་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་། བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡོད་པའི་དབང་གིས་ང་ལ་གཞི་ནས་མུ་མཐུད་དེ་གཅེས་སེམས་བརྒྱུད་སྤྲོད་དང་གྲོང་གསེབ་ཀྱི་སློབ་གསོ་དང་ལུས་རྩལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྒུལ་ཤུགས་ཐོབ་བྱུང་ཞེས་བཤད།

རི་ཀླུང་བརྒལ་བའི་གཅེས་སེམས་དེས་ཕྲུ་གུ་ཚོའི་གྲང་ངར་འགོག་ཐུབ་པ་དང་ལུས་རྩལ་སློབ་ཚན་བདེ་བླག་ངང་སྤེལ་ཐུབ་པར་མ་ཟད། ཁོང་ཚོའི་སེམས་ནང་དྲིན་ཚོར་དང་བདེ་ཐང་གི་ས་བོན་བཏབ་ཡོད། དགེ་རྒན་ཞིག་གི་ཐོག་མའི་བསམ་འདུན་ནས་སྤྱི་ཚོགས་ལས་རིགས་ཁག་གི་དགེ་བའི་བྱ་སྤྱོད་གཅིག་སྡུད་བྱས་ཡོད། རྫོང་ཞིག་གི་དྲོ་སྐྱིད་ནས་དེ་བས་ཡངས་པའི་ས་ཁོངས་བར་གྱི་རྒྱུན་མཐུད་ཀྱི་གཅེས་སེམས་རྒྱུན་མཐུད་ལས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པར་མ་ཟད། སློབ་གསོ་སེམས་མཐུན་དང་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་འདུ་ཤེས་ཀྱང་བྱ་སྤྱོད་དངོས་ཀྱི་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213345.html 1 མལ་གྲོ་གུང་དཀར་རྫོང་གི་སློབ་ཆུང་5ལ་སྒོར་ཁྲི་100ལྷག་ཙམ་རི་བའི་གྲང་འགོག་དངོས་ཟོག་སྤྲད་པ། /enpproperty-->