分享按钮

ལྷ་ས་གྲོང་ཁྱེར་གྱིས་2025ལོའི་12·5རྒྱལ་ སྤྱིའི་དང་བླངས་པའི་ཉིན་མོའི་ གཙོ་དོན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་5ཉིན་ནི་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་ཐེངས་40པ་དེ་ཡིན་ཞིང་། དེའི་ཉིན་ལྷ་ས་གྲོང་ཨུད་སྤྱི་ཚོཊ་ལས་དོན་པུའུ་དང་གུང་གཞོན་སྡེ་ཚོཊ་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་2025ལོའི་ལྷ་ས་གྲོང་ཁྱེར་གྱི་12·5རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི་གཙོ་དོན་བྱེད་སྒོ་དེ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོཊ་འདུར་ཞུགས་ཡོད།

སྟོད་ལུང་བདེ་ཆེན་ཆུས་རིག་རྩལ་དང་བླངས་ཞབས་ཞུ་རུ་ཁག་གིས《སྐྱོར་མོ་ལུང་གི་ལྷ་མོ》འཁྲབ་སྟོན་བྱེད་པའི་ཁྲོད་དཔེ་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་ཡོད། དེ་རྗེས་གྲོང་ཁྱེར་གླུ་གར་ཚོགས་པ་དང་། ཁྲེང་ཀོན་ཆུས་ཞོལ་དམངས་ཁྲོད་ལྷ་མོ་སྒྱུ་རྩལ་ཚོགས་པ། ལྷ་ས་གྲོང་ཁྱེར་གཞོན་ནུ་དང་བླངས་པ་བཅས་ཀྱིས་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཡོད། 2025ལོར་བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགྲན་བསྡུར་ཆེན་མོའི་ནང་གསེར་གྱི་བྱ་དགའ་ཐོབ་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་མི་རབས་ནས་མི་རབས་བར་མཉམ་འདྲེས་ཞེས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགན་འཁུར་བས་དང་བླངས་ཞབས་ཞུའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཡོད།

བྱེད་སྒོར་ཞུགས་མཁན་འགོ་ཁྲིད་ཀྱིས་ད་དུང་ལྷ་ས་གྲོང་ཁྱེར་གྱི་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་ཡག་ཤོས་ཀྱི་འཐུས་མི་དང་། དང་བླངས་ཞབས་ཞུའི་རྩ་འཛུགས་ཡག་ཤོས་ཀྱི་འཐུས་མི། དང་བླངས་པ་ཡག་ཤོས་དང་དེ་བཞིན་དང་བླངས་ཞབས་ཞུའི(གྲོང་ཚོ)སྡེ་ཁུལ་གྱི་འཐུས་མི་ཡག་ཤོས་བཅས་ལ་གཟི་བརྗིད་མཚན་སྙན་སྤྲད་པ་དང་། ལྷ་ས་གྲོང་ཁྱེར་གྱིས་གསར་དུ་བཙུགས་པའི་དང་བླངས་ཞབས་ཞུ་རུ་ཁག་ལ་དར་ཆ་སྤྲད་དེ་ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་དད་སེམས་བརྟན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས།གཅེས་སེམས་དང་འགན་འཁྲི་འཁུར་སེམས་གཅིག་ཏུ་བསྒྲིལ་ཏེ་མཛེས་སྡུག་ལྡན་པའི་ལྷ་ས་མཉམ་སྐྲུན་བྱ་ཆེད་དང་བླངས་ཀྱི་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་བྱས་ཡོད།

ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུའི་བྱ་གཞག་གིས་བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་དོན་ཆེན་བཞིར་དམིགས་པ་དང་།གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། གཞི་རིམ་གྱི་མང་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213343.html 1 ལྷ་ས་གྲོང་ཁྱེར་གྱིས་2025ལོའི་12·5རྒྱལ་ སྤྱིའི་དང་བླངས་པའི་ཉིན་མོའི་ གཙོ་དོན་བྱེད་སྒོ་སྤེལ་བ། /enpproperty-->