ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།12・5རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་ཐེངས་40པར་སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུས་སྡེ་ཚོགས་ཆུས་ཨུད་དང་མཉམ་འབྲེལ་ཐོག དང་བླངས་སྟོབས་ཤུགས་གཅིག་སྡུད་ཀྱིས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་མཉམ་སྐྲུན་བྱེད་ཅེས་པའི་དང་བླངས་ཞབས་ཞུའི་གཙོ་དོན་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་དེས་དང་བླངས་ཁྲོམ་ར་དང་གཏམ་རྒྱུད་མཉམ་སྤྱོད་ཟུང་འབྲེལ་བྱ་རྒྱུ་གཞི་རྟེན་དུ་བྱས་ནས་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོཊ་དང་།ཁྲིམས་འཛིན།འཕྲོད་བསྟེན་བདེ་ཐང་སོཊ་སྡེ་ཚན་མང་པོ་དང་མཉམ་འགུལ་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ལ་སྦྲེལ་མཐུད་གནད་སྨིན་བྱས་ནས་དབྱིངས་ཞུཊ་རྣམ་པ་དང་སྣ་མང་ཅན་གྱི་དམངས་ཕན་ཞབས་ཞུའི་རྣམ་པ་བཏོད་དེ།གཞི་རིམ་བཅོས་སྐྱོང་ཐད་དང་བླངས་སྟོབས་ཤུགས་གསར་པ་བསྣན་ནས་དང་བླངས་ཀྱི་སྙིང་སྟོབས་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་ས་གཤིན་པོར་དོན་འཁྱོལ་ཐུབ་པར་བྱས་པ་རེད།
དང་བླངས་ཚོང་འདུས་ཀྱི་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་། དམངས་ཕན་ཞབས་ཞུའི་ཁྲོམ་བཀྱག་8ཀྱིས་དམངས་འཚོའི་དགོས་མཁོར་གནད་སྨིན་ངང་ཁྱབ་པ་དང་། སྨན་བཅོས་བདེ་ཐང་གི་ཁྲོམ་བཀྱག་གིས་འོས་འགན་སྨན་བཅོས་དང་བདེ་ཐང་མཛུབ་ཁྲིད་བྱེད་པ། དུག་འགོག་ཁ་བསླུས་འགོག་པ་དང་ཚན་རིག་ཁྱབ་གདལ་གྱི་ཁྲོམ་བཀྱག་གིས་མཉམ་འགུལ་བརྒྱུད་དེ་བདེ་འཇགས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ།སེམས་དྲོ་ཞབས་ཞུའི་ཁྲོམ་བཀྱག་གིས་ལས་ཞུགས་གསར་པའི་ཚོགས་སྤྱིར་དངོས་ཟོག་མཁོ་སྤྲོད་དང་ཁེ་དབང་ཐད་ཀྱི་བློ་འདྲི་དང་ལེན་བྱེད་པ།དང་བླངས་ཞབས་ཞུའི་མིང་ཐོ་འགོད་ཡུལ་དུ་ཆེད་མི་བཀོད་སྒྲིག་བྱས་ནས་སྲིད་ཇུས་གསལ་འགྲེལ་དང་གྱོད་དཔེ་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད།གྲོང་མི་10ལྷག་ཙམ་ཡུལ་དངོས་སུ་ཐོ་འགོད་བྱས་ཏེ་དང་བླངས་པར་གྱུར་ནས་མི་ཚང་མས་བྱེད་འདོད་པ་དང་།མི་ཚང་མས་བྱེད་ཐུབ་པ།མི་ཚང་མས་བྱེད་ཆོག་པ་བཅས་ཀྱི་དང་བླངས་ཞབས་ཞུའི་ཚ་རླབས་ཤིག་འཕྱུར་བ་རེད།
མངགས་སྐྱེལ་བ་ཀྲའོ་པིན་པིན་གྱིས་དེ་རིང་ནི་12・5རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་ཡིན་པ་དང་།དེ་གར་གང་སར་དང་བླངས་ཞབས་ཞུའི་ས་ཚིགས་མཐོང་རྒྱུ་ཡོད་པར་མ་ཟད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社