分享按钮

ཟངས་རི་གྲོང་ཚོའི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་གྲོང་གསེབ་ཀྱི་རྒན་གསོའི་འཚོ་བར་བདེ་སྐྱིད་སྦྱིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་རིམ་པའི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་རོགས་སྐྲུན་བྱས་པའི་གཙོ་གནད་དམངས་འཚོའི་རྣམ་གྲངས་ཏེ། སྙེ་མོ་རྫོང་དར་གྲོང་གྲོང་རྡལ་ཟངས་རི་གྲོང་ཚོའི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་1505.56བཏང་ཞིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་2081.43ཡོད་པ་དང་། གཉེར་སྐྱོང་གི་ཉིན་དང་པོར་གྲོང་ཚོ་དེ་གའི་རྒན་རྒོན་60ལྷག་ཙམ་གྱི་ཉམས་ལེན་ཞབས་ཞུར་སྣེ་ལེན་ཞུས་ཡོད། དེའི་ཐོག་ནས་ས་གནས་འདི་གའི་རྒན་གཞོན་ཞབས་ཞུའི་ལས་དོན་དེ་རྨང་གཞིའི་འགན་ལེན་ནས་སྤུས་ཚད་མཐོར་གཏོང་གི་དུས་མཚམས་གསར་པར་བསྐྱོད་པ་མཚོན་ཡོད།

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་སྲིད་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཆི་ཡིས། ལྟེ་གནས་ཀྱིས་བརྩི་འཇོག་རྩ་བར་འཛིན་པ་དང་ཞབས་འདེཊ་ཡག་པོ་ཞུས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་རང་གིས་རང་ལ་དོ་དམ་བྱེད་པ་དང་། རང་གིས་རང་ལ་ཞབས་འདེཊ་ཞུ་བ། རང་གིས་རང་ལ་སློབ་གསོ་གཏོང་བ། རང་གིས་རང་ལ་ལྟ་སྐུལ་བྱེད་པ་བཅས་ཀྱི་4+རྒན་གསོའི་རང་སྐྱོང་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་དུ་བཏང་ནས། རྒྱུན་གཏན་གྱི་ལྟ་རྟོག་དང་། རྨང་གཞིའི་འཕྲོད་བསྟེན། བདེ་ཐང་དོ་དམ། བསམ་པའི་རིག་གནས། དམངས་ཕན་རོགས་སྐྱོར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་བསྐྲུན་ཏེ། རྒན་རྒོན་དང་བྱིས་པའི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད་ཅེས་བཤད།

ལྟེ་གནས་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ནི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། མང་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སློག་པ་དང་། ཞབས་ཞུ་མཁོ་འདོན་གསར་གཏོད་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན།

ཁྲེན་ཆི་ཡིས། རྗེས་མར་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་དེ་མཐའ་འཁྱོངས་བྱས་ཏེ། ཟངས་རི་གྲོང་ཚོའི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་གཉེར་སྐྱོང་བྱ་རྒྱུ་གོ་སྐབས་སུ་བྱས་ནས། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་། ལྟེ་གནས་ཀྱི་ཞབས་ཞུའི་ནང་དོན་དང་གཉེར་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། བཟའ་བཏུང་ཞབས་ཞུ་དང་། ལྟ་སྐྱོང་། བདེ་ཐང་དོ་དམ་སོགས་ལྷུ་ཚིགས་ཁག་གི་ཞབས་ཞུའི་ཚད་གཞི་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས། ལྟ་རྟོག་ལྟེ་གནས་ཀྱི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་རྒྱུ་དང་སྦྲཊ། ལྟེ་གནས་དེའི་4+རྒན་གསོའི་རང་སྐྱོང་བྱེད་སྟངས་ཀྱི་ལག་ལེན་ཉམས་མྱོང་ཕྱོཊ་བསྡོམས་བྱས་ཏེ། སྤུས་ལེཊ་ཀྱི་རྒན་གསོ་ཞབས་ཞུའི་ཐོན་ཁུངས་གྲོང་གསེབ་ཏུ་ཁྱབ་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱེད་པ་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་ལྟེ་བའི་དམིགས་ཚད་ལ་དམིགས་པ། བརྩེ་སེམས་ཟབ་མོས་རྒན་རྒོན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། རྒན་རྒོན་ཚོགས་སྤྱི་ཚུད་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱ་རྒྱུ་རེད་ཅེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213344.html 1 ཟངས་རི་གྲོང་ཚོའི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་གྲོང་གསེབ་ཀྱི་རྒན་གསོའི་འཚོ་བར་བདེ་སྐྱིད་སྦྱིན་པ། /enpproperty-->