分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེང་ཀོན་ཆུས་ཀྱི་གཙོ་གནད་ས་ ཁོངས་སུ་བསྐྱོད་དེ་གྲོང་ཁྱེར་དོ་དམ་གྱི་ཟང་ཟིང་ བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་དང་ ལྟ་སྐུལ་མཛུབ་ཁྲིད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་སྤྱི་གཞོན་པ་པ་སངས་རྡོ་རྗེ་དང་ཀའོ་ཅུན་གྱིས་སྣེ་ཁྲིད་དེ་ཁྲེང་ཀོན་ཆུས་ཀྱི་མ་ལམ་དང་ལྟེ་བའི་ས་ཁོངས་སུ་བསྐྱོད་དེ་གྲོང་ཁྱེར་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ལ་ཡུལ་དངོས་སུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཡུལ་དངོས་སུ་དཀའ་གནད་སེལ་རྒྱུར་མཐུན་སྦྱོར་གནང་སྟེ་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

བརྟག་ཞིབ་གནང་རིང་། པ་སངས་རྡོ་རྗེ་དང་ཀའོ་ཅུན་དང་བཅས་པ་སྔ་རྗེས་སུ་འཇོ་མདའ་སྒང་ལམ་དང་། མི་རིགས་ལམ། ནོར་བུ་གླིང་ཁ་ལམ་སོགས་མ་ལམ་གཙོ་བོ་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་བསྐྱོད་དེ་ཁྲོམ་གཞུང་གི་མཚོན་རྟགས་བྱང་བུ་ཚད་ལྡན་ངང་བཀོད་སྒྲིག་བྱས་ཡོད་མེད་དང་། སྐོར་སྐྱོད་ཚོང་པའི་དོ་དམ་ཚོད་འཛིན། ལམ་བཟུང་གཉེར་སྐྱོང་བཅོས་སྒྲིག འཕྲུལ་སྒུལ་འཁོར་རིཊ་འཇོག་པའི་སྒྲིག་ལམ་སོཊ་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་བརྟག་ཞིབ་གནང་བ་རེད། དེའི་རྗེས་བཅིངས་འགྲོལ་ནུབ་ལམ་གྱི་ཉིན་གླའི་ས་ཚིགས་དང་ནུབ་འདབས་ཀྱི་རླངས་འཁོར་མྱུར་བཟོའི་ཁྲོམ་ར་སོགས་སུ་བསྐྱོད་དེ་གྲོང་ཁྱེར་དོ་དམ་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ལ་མཐིལ་རྟོགས་གྲལ་བཤེར་ཞིབ་ཚགས་གནང་བར་མ་ཟད། ཡུལ་དངོས་སུ་ཤེས་རྟོཊ་བྱུང་བའི་གནད་དོན་ལ་དམིགས་ནས་འབྱུང་རྩ་ནས་དབྱེ་ཞིབ་དང་། འགན་འཁྲིའི་ལས་བགོས་གསལ་པོ་བཟོ་བ། དག་ཐེར་བྱ་ཐབས་བཀོད་སྒྲིག་བྱེད་པ། འཕྲལ་དུ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་ལས་དོན་སྤེལ་བ་བཅས་བྱས་ཏེ་གནད་དོན་དག་ཐེར་བྱ་རྒྱུ་ནར་འགྱངས་མི་བྱེད་པ་དང་སྟོང་ཆ་མི་ལུས་པའི་འགན་ལེན་ཡང་བྱས་ཡོད།

བརྟག་ཞིབ་གནང་སྐབས་འབྲེལ་ཡོད་ཚན་པ་ཁག་གིས་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས་གྲོང་ཁྱེར་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཁྲིམས་ལྟར་བཅོས་སྒྲིག་ནན་པོ་བྱེད་དགོས་ཤིང་། མཐུན་སྦྱོར་མཉམ་འགུལ་ལ་ཤུཊ་སྣོན་རྒྱག་པ་དང་། ལས་ཀའི་མཉམ་ཤུཊ་གཅིག་ཏུ་སྒྲིལ་བ། ཚན་པའི་འགོག་སྲུང་མེད་པ་བཟོ་བ་བཅས་བྱས་ཏེ་གྲོང་ཁྱེར་དོ་དམ་དེ་སྐབས་འཕྲལ་གྱི་བཅོས་ཐབས་ནས་གཞི་རྩ་ནས་བཅོས་པའི་བར་འགྱུར་ལྡོག་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།ནུས་ཤུགས་ཡོད་རྒུས་གྲལ་འགྲིག་ལ་གོ་རིམ་ལྡན་པ་དང་གནས་འཕྲོད་ལ་འཚམ་པའི་གྲོང་ཁྱེར་གྱི་ཁོར་ཡུག་གཏོད་པ། མང་ཚོགས་ཀྱི་འཚོ་བའི་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213341.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེང་ཀོན་ཆུས་ཀྱི་གཙོ་གནད་ས་ ཁོངས་སུ་བསྐྱོད་དེ་གྲོང་ཁྱེར་དོ་དམ་གྱི་ཟང་ཟིང་ བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་དང་ ལྟ་སྐུལ་མཛུབ་ཁྲིད་གནང་བ། /enpproperty-->