分享按钮

ཚལ་གུང་ཐང་ཁྲོམ་གཞུང་གི་སྡེ་ཁུལ་བཅོས་སྐྱོང་གི་སྐར་ཟོག་བརྗེ་བའི་ས་ཚིགས་ཀྱིས་སྡེ་ཁུལ་བཅོས་སྐྱོང་གི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

པར་འདི་ནི་ཚལ་གུང་ཐང་ཁྲོམ་གཞུང་གི་སྐར་ཟོག་བརྗེ་བའི་སྒོ་རྩིས་ཚོང་ཁང་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་མིའི་བཅོས་སྐྱོང་གི་བདག་པོའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་ཆེད།ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གིས་སྡེ་ཁུལ་བཅོས་སྐྱོང་གི་སྐར་ཟོག་བརྗེ་བའི་ས་ཚིགས་གསར་གཏོད་བྱས་པ་དང་།ཞབས་ཞུ་བསྒྲུབས་ནས་སྐར་མ་གསོག་པ་དང་།བསགས་པའི་སྐར་མ་དང་དངོས་ཟོག་བརྗེ་བའི་རྣམ་པའི་ཐོག་ནས་གྲོང་མིའི་སྤྱི་པའི་ལས་དོན་ནང་ཞུགས་པའི་བྱ་སྤྱོད་ཚད་བཅད་བྱས་ཏེ།བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་སྡེ་ཁུལ་བཅོས་སྐྱོང་གི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཡོད།

ཚལ་གུང་ཐང་ཁྲོམ་གཞུང་གི་སྐར་ཟོག་བརྗེ་བའི་སྒོ་རྩིས་ཚོང་ཁང་དུ་སྐྱོད་སྐབས།འབྲུ་སྣུམ་དང་བརྒྱ་ཟོག་སོགས་འཚོ་བའི་དངོས་ཟོག་སྣ་ཚོགས་གྲལ་སྟར་འགྲིག་པོར་བཞག་ཡོད།གྲོང་མིས་སྐར་གསོག་དངུལ་འཛིན་ནམ་ཡང་ན་ཨང་རྟགས་བཤེར་ཚེ་སྡེ་ཁུལ་གྱི་ཞབས་ཞུའི་ནང་ཞུགས་ནས་བསགས་པའི་སྐར་མ་དང་དངོས་པོ་བརྗེ་ཆོག་གི་ཡོད།བདེ་ཐང་གི་འཚོ་བ་དར་སྤེལ་གཏོང་བ་དང་ཡ་རབས་ཀྱི་སྲོལ་བཟང་གཏོད་ཆེད།བསགས་པའི་སྐར་མ་དང་ཐ་མག་དང་ཨ་རག་བརྗེ་བའི་ཐད་སྤྱོད་མི་རུང་བ་ཁ་གསལ་བཟོས་ནས་སྐུལ་ལྕག་གི་སྟོན་ཕྱོགས་ལ་བརྟེན་ནས་ཡར་རྒྱས་ཧུར་ཐག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད།ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཤན་ཁ་སྡེ་ཁུལ་གྱི་གྲོང་མི་བསྟན་འཛིན་སྐལ་བཟང་གིས།ད་ཆ་སྐར་གསོག་སྒོ་རྩིས་ཚོང་ཁང་ཡོད་པས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213337.html 1 ཚལ་གུང་ཐང་ཁྲོམ་གཞུང་གི་སྡེ་ཁུལ་བཅོས་སྐྱོང་གི་སྐར་ཟོག་བརྗེ་བའི་ས་ཚིགས་ཀྱིས་སྡེ་ཁུལ་བཅོས་སྐྱོང་གི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ། /enpproperty-->