ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་7ཉིན་གྱི་སྔ་དྲོ།སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་ནོར་མཚོའི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བོད་ལྗོངས་བྱ་འཕུར་མཐུན་ཚོགས་ཀྱིས་གཉེར་རོགས་བྱས་པའི་སྟག་རྩེ་ཆུས་ཨ་ཁུ་སྟོན་པའི་2025ལོའི་བྱ་འཕུར་རིག་གནས་ཡུལ་སྐོར་དུས་ཚིཊ་འགོ་ཚུགས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་གཉིས་ཡིན་པ་དང་དེའི་དམིགས་ཡུལ་ནི་སྟག་རྩེ་ཆུས་ཀྱི་རིག་གནས་ཡུལ་སྐོར་གྲགས་རྟགས་མཐོ་རུ་གཏོང་བ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན་པ་རེད།
བྱེད་སྒོ་དེ་གླུ་གར་འཁྲབ་སྟོན《བཀྲ་ཤིས》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། གར་སྟེགས་ཐོག་གི་འཁྲབ་སྟོན་པས་ཚོན་མདངས་རྣམ་པར་བཀྲ་བའི་མི་རིགས་ཀྱི་རྒྱན་གོས་སྤྲས་ཏེ།མཉེན་ཆ་དོད་པའི་སྟངས་སྟབས་དང་སྐད་གསང་མཐོན་པོའི་གླུ་སྒྲར་བརྟེན་ནས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་སྒྱུ་རྩལ་མཉམ་འདྲེས་ཡག་པོ་བྱས་ཡོད། གླུ་གར《སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ》ཞེས་པ་ལས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་མཚོན་པ་དང་། བོད་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་དགའ་ཞེན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་བྱེད་ལུགས་མཚོན་ཡོད། བྱེད་སྒོ་སྤེལ་ཡུལ་དུ་སྟག་རྩེ་ཆུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་འགྲེམས་སྟོན་ཁུལ་བཀོད་སྒྲིག་བྱས་ཡོད་ཅིང་། རིག་གནས་གསར་གཏོད་ཐོན་རྫས་དང་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོཊ་གྲལ་འགྲིག་པོས་བཤམས་ཡོད་པས་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་སའི་བྱ་འཕུར་དེ་སྟག་རྩེ་ཆུས་སུ་མང་ཚོགས་ཀྱི་རྨང་གཞི་དང་རིག་གནས་ཟབ་མོ་ལྡན་ཡོད། སྐབས་འདིའི་སྟག་རྩེ་ཆུས་ཨ་ཁུ་སྟོན་པའི་2025ལོའི་བྱ་འཕུར་རིག་གནས་ཡུལ་སྐོར་དུས་ཚིགས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། ཨ་ཁུ་སྟོན་པའི་རིག་གནས་རྒྱུན་འཛིན་བྱས་ནས་བྱ་འཕུར་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་ཞིབ་ཚགས་ངང་བཏོད་ཡོད། བྱ་འཕུར་རིག་གནས་ལ་དམིགས་ནས་སྲོལ་རྒྱུན་གྱི་དམངས་སྲོལ་ལུས་རྩལ་རྣམ་གྲངས་ཡིན་པའི་རོལ་རྩེད་ཀྱི་ངོ་བོ་འཚོལ་ཞིབ་ཧུར་ཐག་བྱས་པར་མ་ཟད། ད་དུང་བྱ་འཕུར་སྒྱུ་རྩལ་ལས་བྱུང་བའི་སྨོན་ལམ་དང་། མཐུན་སྒྲིལ།འབད་འབུངས་སོགས་རིག་གནས་ཀྱི་གོ་དོན་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། རིག་གནས་དེ་གཉིས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། ཨ་ཁུ་སྟོན་པའི་བློ་གྲོས་ཀྱི་གཟུགས་བརྙན་དང་བྱ་འཕུར་གྱི་གསོན་ཉམས་ལྡན་པའི་ཁྱད་ཆོས་ཟུང་འབྲེལ་དམ་ཟབ་བྱས་ཏེ།བྱེད་སྒོའི་རིག་གནས་ཀྱི་དོན་སྙིང་བརྒྱུད་སྤྲོད་བྱས་ནས།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社