分享按钮

ཏང་གི་ལས་དོན་སྒྲིག་གཞི་ནི་ཐོག་མར་ཆབ་སྲིད་ཀྱི་སྒྲིག་གཞི་ཡིན།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

ཏང་གི་ལས་དོན་སྒྲིག་གཞིས་ཏང་གི་འགོ་ཁྲིད་ལག་བསྟར་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་སྒྲིག་གཞིའི་སྲོལ་ཡིག》ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་གི་རྩ་འཛུགས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། 《སྲོལ་ཡིག》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཏང་གི་ལས་དོན་སྒྲིག་གཞིའི་ཆབ་སྲིད་བླང་བྱར་སྔར་བས་ཤུགས་སྣོན་རྒྱག་པ། ཏང་གི་ལས་དོན་སྒྲིག་གཞི་འཛུགས་པ་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཏང་གི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་ཆེད་སྒྲིག་གཞིའི་ལས་དོན་ལ་གཞི་རྩའི་གཞི་འཛིན་ས་ཁ་གསལ་བཟོས་ཡོད། ཏང་གི་རིམ་ཁག་ལས་དོན་སྒྲིག་གཞིས་《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་རྟོགས་ངང་ཏང་གི་ལྟེ་བའི་ལས་དོན་ལ་བསྟུན་པ་དང་ཞབས་འདེགས་ཞུ་བ། ཆབ་སྲིད་ཀྱི་ནུས་པ་དང་། འགན་འཁྲི་སྒྲུབ་ནུས། ལས་ཀའི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

ཆབ་སྲིད་སྒྲིག་གཞིའི་ངེས་གནས་བརྟན་དུ་གཏོང་དགོས་ཤིང་། ཏང་གི་ལས་དོན་སྒྲིག་གཞི་དེ་ཏང་གི་སྒྲིག་གཞི་ཞིག་ཡིན་པའི་ངོས་ནས། ཐད་ཀར་ཏང་ཀྲུང་དབྱང་དང་དེ་བཞིན་ས་གནས་རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་འོག་ལས་དོན་སྒྲུབ་བཞིན་ཡོད་པས། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ལས་ཁུངས་ཀྱི་རང་གཤིས་གང་ལེགས་མངོན་པར་བྱེད་དགོས། 《སྲོལ་ཡིག》གི་བླང་བྱ་གཞིར་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་བའི་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་དུ་བརྩིས་ནས། ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ཏང་ཀྲུང་དབྱང་ལ་རང་རྟོགས་ངང་མིག་ལྟོས་བྱེད་པ། ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་དཔེ་བསྡུར་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་སྲུང་བ་བཅས་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། རྒྱུན་མཐུད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་ཐོག་ནས་སྤྱི་ཡོངས་ལ་སྟངས་འཛིན་དང་། གནད་དོན་ལ་དབྱེ་ཞིབ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཁས་པོ་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་སྒྲིག་གཞིའི་འདུ་ཤེས་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དེ་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པའི་ཚད་མཐོའི་རང་རྟོགས་དང་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་དགོས།

ཆབ་སྲིད་སྒྲིག་གཞིའི་འགན་འཁྲི་བསྒྲུབ་དགོས་ཤིང་། ཏང་གི་ལས་དོན་སྒྲིག་གཞི་ནི་ཏང་ཀྲུང་དབྱང་དང་དེ་བཞིན་ས་གནས་རིམ་ཁག་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ལག་བསྟར་བྱེད་མཁན་གྱི་སྒྲིག་གཞི་ཞིག་ཡིན་པས། འགན་ནུས་འདོན་སྤེལ་ཡག་པོ་ཐུབ་མིན་དེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད། 《སྲོལ་ཡིག》ནང་ཏང་གི་ལས་དོན་སྒྲིག་གཞིའི་འགན་འཁྲི་ཨང་དང་པོ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཡིན་པའི་གཏན་འབེབས་བྱས་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཏང་ཀྲུང་དབྱང་གིས་གང་གསུངས་པ་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། 《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། རང་ངོས་ཀྱི་འགན་འཁྲིར་དམ་པོར་དམིགས་ནས་ལམ་ལུགས་དང་ལམ་སྲོལ་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། སྤྱི་ཡོངས་བཅས་ཀྱི་སྒོ་ནས་ཏང་གི་འགོ་ཁྲིད་དོན་འཁྱོལ་བྱེད་པ། ཏང་གིས་ཕྱོགས་ཁག་གི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་དང་ཁོངས་གཏོགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་དོ་དམ་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱེད་དགོས། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་སྔར་བས་དམིགས་སར་འབྱོར་བ་ལྔའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ། རྣམ་པ་ནན་པོ་དང་། བྱ་ཐབས་ནན་པོ། རྒྱུན་སྲིང་ལྷོད་མེད་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ། ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

ཆབ་སྲིད་སྒྲིག་གཞིའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་ཤིང་། 《སྲོལ་ཡིག》ནང་ཏང་གི་ལས་དོན་སྒྲིག་གཞིས་ཏང་ཨུད་ཀྱི་ཇུས་འདོན་ལས་རོགས་ཡག་པོ་བྱེད་དགོས་པ་གཏན་འབེབས་ཁ་གསལ་གནང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་ཧ་ཅང་ལྕི་བས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས། 6 6 拉萨日报藏文 c213338.html 1 ཏང་གི་ལས་དོན་སྒྲིག་གཞི་ནི་ཐོག་མར་ཆབ་སྲིད་ཀྱི་སྒྲིག་གཞི་ཡིན། /enpproperty-->