分享按钮

མལ་གྲོ་གུང་དཀར་རྫོང་གི་སློབ་ཆུང་5ལ་སྒོར་ཁྲི་100ལྷག་ཙམ་ རི་བའི་གྲང་འགོག་དངོས་ཟོག་སྤྲད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ས་བབ་མཐོ་ཚད་སྨི་4500ཟིན་པའི་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་ལྟེ་བའི་སློབ་ཆུང་དུ་ས་མཐོར་དྲོ་སྐྱིད་སྦྱིན་པ་དང་། གྱོན་ཆས་ཀྱིས་བྱིས་པའི་སེམས་པ་གསོ་ཞེས་པའི་གྲང་འགོག་དངོས་ཟོག་སྤྲད་པའི་མཛད་སྒོ་འཚོགས་ཡོད། མཛད་སྒོ་འཚོག་ཡུལ་དུ་གཅེས་སེམས་ཁེ་ལས་ཨན་ཐས་མཁོ་འདོན་བྱས་པའི་གྲང་འགོག་དངོས་ཟོག་ཆེ་ཆུང་ལྟར་རིགས་དབྱེ་ནས་གྲལ་འགྲིག་པོས་བཞག་ཡོད་ཅིང་། ས་མཐོའི་གནམ་གཤིས་ཀྱི་ཁྱད་ཆོས་དང་འཚམ་ལ་ལུས་རྩལ་གྱི་དགོས་མཁོ་ཡང་སྐོང་ཐུབ་པའི་དངོས་ཟོག་དེ་དག་ལ་སློབ་མ་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སློབ་མ་ཚོས་སློབ་གོས་གཙང་མར་གྱོན་ཡོད་པ་དང་ལག་གཉིས་པོས་གྲང་འགོག་དངོས་ཟོག་བླངས་ཏེ་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་མཆིས།

མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་བཀྲ་ཤིས་དབང་འདུས་ཀྱིས།ཀྲུང་གོ་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་། བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་སྤྱིའི་རིན་ཐང་སྒོར་ཁྲི་100ལྷག་ཙམ་རི་བའི་གཅེས་སེམས་ལྡན་པའི་གྲང་འགོག་དངོས་ཟོག་བསྐྱལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཁྱེད་ཚོས་ས་མཐོའི་སློབ་མར་དགུན་དུས་ཀྱི་དྲོ་སྐྱིད་སྦྱིན་པར་མ་ཟད། གྲོང་གསེབ་ཀྱི་ལུས་རྩལ་བྱ་གཞག་གི་སྤུས་ཚད་དེ་བས་མཐོ་རུ་གཏོང་རྒྱུར་གནད་སྨིན་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡིན་ཞེས་བཤད།

དྲོ་སྐྱིད་ལྡན་པའི་རྣམ་པ་དེའི་རྒྱབ་ཕྱོགས་སུ་གྲོང་གསེབ་ཀྱི་ལུས་རྩལ་དགེ་རྒན་ཞིག་གི་ཐོག་མའི་བསམ་འདུན་དང་ལས་གནས་བརྟན་སྲུང་གི་བསམ་པ་ལྡན་ཡོད། 2024ལོར། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྟོབས་ཆེན་གྱི་གྲོང་གསེབ་ལུས་རྩལ་དགེ་རྒན་བློ་བཟང་བསྟན་འཛིན་ལ་ལུས་རྩལ་ཐེབས་རྩའི་བྱ་དགའ་སྒོར་ཁྲི་300རག་རྗེས་གཟི་བརྗིད་ཀྱི་མཚན་སྙན་དེ་བྱ་སྤྱོད་དུ་གྱུར་བར་བྱས་ཡོད། ན་ནིང་ཁོང་གིས་རྫོང་ཡོངས་ཀྱི་དགེ་རྒན་1500ཙམ་ལ་སྒོར་ཁྲི་100རི་བའི་གྲང་འགོག་དངོས་ཟོག་སྤྲད་པ་དང་། ད་ལོ་ཀྲུང་གོ་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོཊ་སོཊ་ཀྱི་ཐབས་ལམ་བརྒྱུད་ནས་སློབ་ཆུང་5ཡི་སློབ་མ་ཡོངས་ལ་སྤྱིའི་རིན་ཐང་སྒོར་ཁྲི་100ལྷག་ཙམ་རི་བའི་གྲང་འགོག་དངོས་ཟོག་ཁྱོན་2000ལྷག་ཙམ་བརྩོན་ལེན་བྱས་ནས་ཕྲུ་གུ་ཚོ་དགུན་དུས་ལུས་པོ་དྲོ་སོབ་སོབ་ཏུ་གྱུར་བར་བྱས་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213335.html 1 མལ་གྲོ་གུང་དཀར་རྫོང་གི་སློབ་ཆུང་5ལ་སྒོར་ཁྲི་100ལྷག་ཙམ་ རི་བའི་གྲང་འགོག་དངོས་ཟོག་སྤྲད་པ། /enpproperty-->