分享按钮

ཁེན་ནི་ཡའི་མཐོ་རིམ་དཔོན་རིགས་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱ་རྒྱུ་ཡིན་ཞེས་བཤད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཁེན་ནི་ཡའི་གཙོ་རྒྱུན་སྨྱན་སྦྱོར《སྐར་མའི་ཚགས་པར》ཐོག ཉིན་ཤས་གོང་ཁེན་ནི་ཡའི་སློབ་གསོ་པུའི་ཁོངས་གཏོགས་ཀྱི་ཚན་རིག་དང་ཞིབ་འཇུག་གསར་གཏོད་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧྲའོ་ཁ་ཐེ་ཨ་པུའུ་ཏུའུ་ལེ་ལ་ཀྲ་ཁེས་ཆེད་སྒྲིག་ལེ་ཚན་ནང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་རོགས་ཟླའི་འབྲེལ་བ་ནི་འདུན་པ་ཞིག་ཡིན་པར་མ་ཟད། ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་ཧུར་ཐག་གཏོད་པ་ཞིག་ཀྱང་ཡིན། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལས་ཕན་ཚུན་བརྩི་འཇོག་དང་། ཐུན་མོང་གསར་གཏོད། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཏན་ཏིག་བཅས་རྨང་གཞིར་བྱས་པའི་དེང་རབས་ཅན་གྱི་ཕུགས་འདུན་མངོན་ཡོད། རྩོམ་ཡིག་གི་ནང་དོན་གནད་བསྡུས་གཤམ་གསལ་ལྟར་ཡིན།

2025ལོར་ཝུའུ་ཧན་དུ་འཚོགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གསར་གཏོད་མཉམ་ལས་དང་འཕེལ་རྒྱས་གླེང་སྟེགས་ཐོག་ངས་ལག་གདང་སྦྲེལ་ནས་མཉམ་ལས་གསར་པ་བཏོད་དེ།དེང་རབས་ཅན་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་པའི་གོ་ཆོད་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་གཙོ་དོན་གཏམ་བཤད་སྤེལ་བ་དང་འབྲེལ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་རོགས་ཟླའི་འབྲེལ་བ་ནི་འདུན་པ་ཞིག་ཡིན་པར་མ་ཟད། ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་ཧུར་ཐག་གཏོད་པ་ཞིག་ཀྱང་ཡིན་པའི་དོན་དངོས་གལ་ཆེན་ཞིག་སླར་ཡང་རྒྱས་བཤད་བྱས་ཡོད།

ཁེན་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་2024ལོའི་གླེང་སྟེགས་ཐོག ཞིང་ལས་དང་། འཕྲོད་བསྟེན། བར་སྣང་ཚན་རིག གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་རྣམ་གྲངས་20ལྷག་ཙམ་སྤེལ་འགོ་ཚུགས་ཡོད། མཉམ་ལས་དེ་དག་ལས་ཕན་ཚུན་བརྩི་འཇོག་དང་། ཐུན་མོང་ཐོག་གསར་གཏོད། སྤྱི་ཚོགས་ལ་ཤུགས་རྐྱེན་ཏན་ཏིག་བཅས་རྨང་གཞིར་བྱས་པའི་དེང་རབས་ཅན་གྱི་ཐུན་མོང་གི་འདུན་པ་མངོན་ཡོད། ང་ཚོའི་མིག་སྔའི་སྤོབས་སེམས་དང《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས། པེ་ཅིང་གི་བྱ་སྤྱོད་འཆར་གཞིའི(2025-2027)》འབྲེལ་ཡོད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གསར་གཏོད་མཉམ་ལས་ཀྱི་ནང་དོན་ཚད་མཐོའི་གཅིག་མཐུན་བྱུང་ཡོད།

འཆར་གཞི་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གསར་གཏོད་མཉམ་ལས་ལྟེ་གནས་སྔོན་ལ་བཙུགས་པ་དང་འབྲེལ་མཉམ་འབྲེལ་ཚོད་ལྟ་ཁང་དང་། ཞིབ་འཇུག་ལྟེ་གནས། ཚན་རྩལ་གླིང་བཅས་རྒྱ་ཆེར་བཏང་ཡོད། ཚན་རྩལ་མི་སྣའི་སྤེལ་རེས་དང་ནུས་པ་འཛུགས་སྐྱོང་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་དེང་རབས་ཞིང་ལས་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གནམ་གཤིས་ཀྱི་མཉེན་ཆ། སྤྱི་པའི་འཕྲོད་བསྟེན། བར་མཐོངས་ཆ་འཕྲིན་ལག་རྩལ་སོགས་རྒྱུན་མཐུད་དེ་འཕེལ་རྒྱས་ཀྱི་འགག་རྩའི་ཁྱབ་ཁོངས་སུ་ལམ་ལུགས་རང་བཞིན་གྱི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་ཐེབས་ཡོད། དེ་དག་ཚང་མ་ཁེན་ནི་ཡའི་འོག་ནས་གོང་བར་གྱི་དཔལ་འབྱོར་ཕྱོགས་སྒྱུར་གྲོས་རིམ་དང་2030ལོའི་འདུན་པ་དང་འབྲེལ་བ་དམ་ཟབ་ཡོད།

ཨ་ཧྥེ་རི་ཁ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་གྲངས་གཞིའི་ཁྱད་པར་ཆེན་པོ་བསལ་ནས། གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བཞིན་ཡོད། ལྗང་མདོག་འཕེལ་རྒྱས་ནི་མཉམ་ལས་ཀྱི་གཙོ་གནད་ཅིག་དེ་བས་ཡིན་ཞིང་། དེའི་ནང་ནུས་རྒྱུ་གཙང་མའི་རྣམ་གྲངས་དང་། ནུས་གསོག་ལག་རྩལ་གསར་གཏོད། དེ་བཞིན་ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོ་ཐཱན་ཉུང་ཐོན་ལས་ཕྱོགས་སུ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཚུད་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་རྒྱབ་སྐྱོར་ཐོབ་པའི་མཉམ་འབྲེལ་ཚོད་ལྟ་ཁང་དང་། གསོ་སྦྱོང་ལྟེ་གནས། གསར་གཏོད་འཆར་གཞི་བཅས་བརྒྱུད། ང་ཚོས་ལག་རྩལ་གསར་པ་བཀོལ་སྤྱོད་དང་གཞན་སྒྱུར་བྱེད་མགྱོགས་སུ་བཏང་ནས་ལས་ཞུགས་གསར་གཏོད་བྱས་ཏེ། ཞིབ་འཇུག་གྲུབ་འབྲས་ཚོང་ལས་ཅན་དང་སྡེ་ཁུལ་གྱི་འཚོ་བ་ལེགས་སུ་གཏོང་བཞིན་ཡོད་པ་རེད།

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྱང་ཚན་རྩལ་དང་གསར་གཏོད་ཀྱི་འབྱུང་ཁམས་མ་ལག་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད། ང་ཚོས་ངེས་པར་དུ་མཉམ་འབྲེལ་ཚོད་ལྟ་ཁང་དང་། ཚན་རྩལ་གླིང་། ལག་རྩལ་ལྟེ་གནས་བཅས་ཀྱིས་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཞིབ་འཇུག་འགག་སྒྲོལ་དེ་དངོས་ཡོད་ཀྱི་ཐག་གཅོད་ཇུས་གཞིར་བསྒྱུར་དགོས། མི་ཐབས་རིག་ནུས་དང་། སྐྱེ་དངོས་ལག་རྩལ། ནུས་རྒྱུ་གཙང་མ། གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་སུ་མཉམ་ལས་རོགས་ཟླའི་འབྲེལ་བ་ནུས་ལྡན་བཙུགས་ནས། ཨ་ཧྥེ་རི་ཁ་དང་ཀྲུང་གོ་སྲིད་གཞུང་དང་། སྒེར་གཉེར་སྡེ་ཚན། མ་འཇོག་མཁན་དང་གསར་གཏོད་པ་བཅས་གཅིག་སྡུད་བྱས་ཏེ། ཐུན་མོང་ཐོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་གཏོད་དགོས། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-07 6 6 拉萨日报藏文 c213267.html 1 ཁེན་ནི་ཡའི་མཐོ་རིམ་དཔོན་རིགས་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱ་རྒྱུ་ཡིན་ཞེས་བཤད་པ། /enpproperty-->