ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨོ་ཐེ་ཝ་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཁ་ན་ཏ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་གདན་ཞུས་ལྟར། ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མིའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ། ཟླ་11ཚེས་30ཉིན་ནས་ཟླ་12ཚེས་2ཉིན་བར། ཁ་ན་ཏའི་ཏུའོ་ལུན་ཏུའོ་དང་ཨོ་ཐེ་ཝར་འཚམས་འདྲི་བྱས་ནས། རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱི་འབྲེལ་གཏུགས་དང་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། ཚོང་དོན་དང་མ་འཇོག་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་བ་རེད།
ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཁ་ན་ཏའི་གོ་ལ་ཧྲིལ་པོའི་ལས་དོན་པུའི་འགན་འཁུར་བ་དང་མཇལ་འཛོམས་གནང་ཞིང་། ཁ་ཀྲུང་ཚོང་དོན་ལས་འཛིན་ལྷན་ཚོགས་དང་ཏུའོ་ལུན་ཏུའོ་ས་ཁུལ་ཚོང་དོན་ཨུ་ལྷན་སོགས་ཚོང་དོན་མཐུན་ཚོགས་གཙོ་བོ་དང་པོ་ཧྥེང་ཚོགས་པ་སོགས་ཁ་ན་ཏའི་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་སྤེལ་རེས་གནང་བ་རེད། རེན་ཧུང་པིན་གྱིས། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཁ་ན་ཏ་ཕྱོགས་ཀྱི་ལས་རིགས་ཁག་དང་ལག་གདང་སྦྲེལ་ནས། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་ཚོང་དོན་མ་འཇོག་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་མཐུན་སྦྱོར་འཕེལ་རྒྱས་ལ་ཤུཊ་སྣོན་རྒྱག་འདོད་ཡོད། 2026ལོར་ཁ་ན་ཏའི་བཟོ་ཚོང་ལས་རིགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུཊ་ཀྱི་ཀྲུང་གོའི་ལོའི་བཟོ་ཚོང་ལས་རིགས་ཀྱི་རིམ་སྤེལ་བྱེད་སྒོ་དང་སྐབས་བཞི་པའི་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུཊ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
འཚམས་འདྲི་གནང་རིང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཁ་ཀྲུང་ཚོང་དོན་ལས་འཛིན་ལྷན་ཚོཊ་དང་མཉམ་དུ་ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་པོའི་ཚོང་དོན་དང་མ་འཇོག་མཉམ་ལས་གླེང་སྟེཊ་གཉེར་བ་དང་འབྲེལ་སྐབས་བཞི་པའི་དངོས་མང་སྟོན་ཚོཊ་འོས་སྦྱོར་ཡང་བྱས་ཡོད། ཀྲུང་ཁ་སྲིད་གཞུང་དང་། སྒྲིག་གཞི། ཁེ་ལས་བཅས་ཀྱི་འཐུས་མི་150ལྷག་ཙམ་གྱིས་སྔོན་ཐོན་བཟོ་སྐྲུན་དང་། གྲངས་འཛིན་ཚན་རྩལ། ནུས་རྒྱུ་གཙང་མ། ལྗང་མདོག་ཞིང་ལས་སོཊ་གཙོ་གནད་མཉམ་ལས་ལ་དམིཊ་ནས་སྤེལ་རེས་དང་གྲོས་མོལ་གནང་ཡོད། (བྱམས་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社