(པར་ངོས་དང་པོར་མཐུད)སྒྲོག་འགྲེལ་བྱེད་རིང་།ལྷ་ས་གྲོང་ཁྱེར་གྱི་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་པས་དཔེ་འཇོག་པ་དང་། དོན་དངོས་སྟོན་པ། གནས་ལུགས་ཤོད་པ་བཅས་ཀྱི་རྣམ་པ་དང་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་བྱང་ཚད་བཅས་ཟབ་ཏུ་བཏང་ཡོད།
དེའི་རྗེས་ཡོན་ཏ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་སྔ་རྗེས་སུ་ཞབས་བྲོ《སླར་ཡང་གླུ་དབྱངས་ཤིག་བླངས་ནས་ཏང་ལ་འབུལ》ཞེས་པ་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་ཏེ།བཅའ་ཁྲིམས་ཀྱི་དོན་ཚན་འཁྲབ་སྟོན་ནང་བཅུག་ནས་གསོན་ཉམས་ལྡན་པའི་བཅའ་ཁྲིམས་དེ་གར་སྟེགས་ཐོག་གི་སྐད་ཆ་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་བར་བྱས་པ་དང་། ལྟད་མོ་ལྟ་བའི་ཁྲོད་ཁྲིམས་སྐྱོང་གི་འདུ་ཤེས་བརྒྱུད་སྤྲོད་བྱས་ཡོད།
གྲོང་མི་སྐལ་སྐྱིད་ཀྱིས།ད་ཐེངས་ཀྱི་བྱེད་སྒོར་སྒྲོག་འགྲེལ་པས་གོ་བདེ་བའི་སྐད་ཆའི་ཐོག་ནས་ཏང་གི་སྲིད་ཇུས་བཟང་པོ་དང་བཅའ་ཁྲིམས་ཤེས་བྱ་མང་ཚོགས་ཀྱི་འཚོ་བ་དང་ཟུང་འབྲེལ་བྱས་ཏེ།ཏང་གི་ཐུགས་ཁུར་དང་ཁྲིམས་སྐྱོང་གི་འདུ་ཤེས་ང་ཚོའི་ཉེ་འགྲམ་དུ་ཁྱབ་པར་བྱས་ཡོད། སླད་ཕྱིན་རང་ཉིད་ཀྱིས་སྣེ་ཁྲིད་དེ་ཁྲིམས་བསྲུང་རྒྱུ་མ་ཟད། ད་དུང་སྦྱངས་པའི་ཤེས་བྱ་དག་གཉེན་ཉེར་མཉམ་སྤྱོད་བྱ་རྒྱུ་ཡིན། བྱེད་སྒོ་ཡག་པོ་དེ་ལྟ་བུ་རྒྱུན་དུ་གཉེར་ནས་མི་དེ་བས་མང་བར་ཕན་པ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།
གྲོང་ཨུད་དྲིལ་བསྒྲགས་པུས་ད་དུང་བྱེད་སྒོ་སྤེལ་ཡུལ་དུ་ཆེད་ཁུལ་བཙུགས་ནས་མང་ཚོགས་ལ་འབྲེལ་ཡོད་ཀྱི་དཔེ་དེབ་སྤྲད་དེ་མང་ཚོགས་ལ་ཕན་པ་ཏན་ཏིག་ཐོབ་པར་བྱས་ཡོད། ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུས་ཁུལ་གཅིག་ལ་གྲགས་རྟགས་གཅིག་གི་སྒྲོག་འགྲེལ་ལས་སྟེགས་ལ་བརྟེན་ནས་དང་བླངས་ཞབས་ཞུ་དང་གྲོང་ཁྱེར་གྱི་ཡིག་གཟུགས་སློབ་ཁང་སོགས་ཁྱད་ལྡན་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཡོད་ཅིང་། མང་ཚོགས་འབོར་ཆེན་ཞིག་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཡོད་པས་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པོ་བྱུང་ཡོད།
བྱེད་སྒོ་དེ་ལྷ་སའི་ཡོངས་བསྒྲགས་དང་། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་སྐད་འཕྲིན་བརྙན་ལམ་ཨང་རྟགས། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་ཁྱུག་དབྱིངས་ཨང་རྟགས། མགྱོགས་འཕྲིན་ཨང་རྟགས་བཅས་བརྒྱུད་ནས་དྲ་རྒྱའི་ཐོག་ཐད་གཏོང་བྱས་ཡོད་ཅིང་། ལས་སྟེགས་ཁག་ནས་བྱེད་སྒོར་ལྟ་མཁན་མི་ཐེངས་ཁྲི་2.4ཟིན་པ་དང་བསྔགས་བརྗོད་བྱེད་ཚད་མི་ཐེངས་ཁྲི་3.2ཟིན་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社