分享按钮

(པར་ངོས་དང་པོར་མཐུད)གདོང་ཐུག་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་སྟངས་དཔྱལ་གྱིས་མཱ་ཁེ་ལུང་སྟངས་དཔྱལ་གདན་དྲངས་ནས་དགུང་ཟས་བཞེས་ཏེ་མུ་མཐུད་དེ་ཞལ་མོལ་གཏིང་ཟབ་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འབྲེལ་གཏུགས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།

འཚམས་འདྲི་གནང་རིང་།ཕྱོཊ་གཉིས་པོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་བྱས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་དང་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་གཅོག་པ།ཞི་བདེའི་ངང་ཉིང་རྡུལ་ནུས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་དང་།ཞིང་ལས་དང་བཟའ་བཅའ་སྤེལ་རེས་དང་མཉམ་ལས།ཡུག་རེན་གྱི་དུས་བབ་དང་ཕ་ལེ་སི་ཐན་གྱི་དུས་བབ་བཅས་ལ་མུ་མཐུད་དེ་སྐུལ་འདེད་གཏོང་རྒྱུའི་ཐད་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-07 6 6 拉萨日报藏文 c213263.html 1 /enpproperty-->